ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་བྱ་བ་གང་རུང་ལ་མཉམ་ལས་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས27ཉིན་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་བྱ་བ་གང་རུང་ལ་མཉམ་ལས་བྱེད་འདོད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། གསལ་སྒྲོག་དེའི་དམིགས་ཡུལ་ནི་ཧཱ་མཱ་སིའི་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པའི་ཐད་ཀྱི་ལངས་ཕྱོགས་རྒྱས་བཤད་བྱེད་ཆེད་རེད། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་དང་ཡུལ་འཁྱམས་བྱེད་པའི་མི་རྣམས་ཕྱིར་རང་ཁྱིམ་དུ་ལོག་པར་འགན་སྲུང་བྱེད་པ། དེ་མིན་བཀག་འཇུག་ཐེབས་པའི་མི་སྣ་བརྗེ་སྤོར་བྱེད་པའི་གྲོས་མཐུན་ཅིག་འགོད་དུ་འཇུག་ཆེད། ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་བྱ་བ་གང་རུང་ལ་མཉམ་ལས་བྱེད་འདོད་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཧཱ་མཱ་སི་ཡིས་ཀྲིན་ཀྲུའུ་ཏང་གིས་ཅཱ་ཧྲ་ས་ཁུལ་དང་འགོག་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་འདོན་སྤེལ་བྱས་པའི་གནད་འགག་གི་ནུས་པ་དང་། དེ་མིན་ཀྲིན་ཀྲུའུ་ཏང་དང་དེའི་མགོ་ཁྲིད་རིམ་པས་རིན་དོད་ཆེན་པོ་བཏང་བར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号