ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁས་བཟོས་པའི་འཕུར་མདའ་བཀོལ་ནས་ཨུ་རུ་སིའི་མངའ་ཁོངས་ལ་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས26ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཨ་མེ་རི་ཁས་བཟོས་པའི་སྐམ་དམག་གི་འཐབ་རྩལ་འཕུར་མདའི་མ་ལག་བཀོལ་ནས་ཨུ་རུ་སིའི་ཁུའུ་ཨར་སི་ཁི་ས་ཁུལ་གྱི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲོད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཚེས23ཉིན་ཨ་མེ་རི་ཁས་བཟོས་པའི་འཕུར་མདའ་ལྔ་བཀོལ་ནས་ཁུའུ་ཨར་སི་ཁི་མངའ་སྡེའི་མཁའ་སྲུང་འཕུར་མདའི་ཁྲི་ཤོག་གི་རྟེན་གཞིར་འཇབ་རྒོལ་བྱས་པ་དང་། དེའི་ནང་འཕུར་མདའ་གཉིས་དམིགས་འབེན་ལ་ཕོག་ནས། ལེ་ཏཱ་ས་ཚིགས་ལ་གཏོར་བཤིག་ཐེབས་པ་དང་མི་སྣར་རྨས་ཕོག་ཡོད། ཚེས25ཉིན་ཁུའུ་ཨར་སི་ཁིའི་གནམ་གྲུ་ཐང་དུ་ཨ་མེ་རི་ཁས་བཟོས་པའི་འཕུར་མདའ་བརྒྱད་གཏོང་འཕེན་བྱས་པ་དང་། དེའི་ནང་འཕུར་མདའ་གཅིག་དམིགས་འབེན་ལ་ཕོག་ནས། དམག་མི་གཉིས་ལ་རྨས་ཡང་མོ་ཕོག་པ་དང་གནམ་གྲུ་ཐང་གི་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཅུང་ཙམ་ཐེབས། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་གནས་བབ་ཀྱི་འཕེལ་རྒྱས་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད་པར་མ་ཟད་འཇབ་རྒོལ་དོན་རྐྱེན་དེར་རྒོལ་ལན་སྤྲོད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས21ཉིན་བརྙན་རིས་གཏམ་བཤད་སྤེལ་ཏེ། ཝུའུ་ཁི་ལན་གྱིས་ཉེ་སྔོན་ཨ་མེ་རི་ཁས་བཟོས་པའི་སྐམ་དམག་གི་འཐབ་རྩལ་འཕུར་མདའི་མ་ལག་དང་དབྱིན་ཇིའི་སྐོར་འདེད་འཕུར་མདའ་སོགས་ནུབ་ཕྱོགས་ཀྱི་རྒྱང་བསྟེན་མཚོན་ཆ་བཀོལ་ནས་ཨུ་རུ་སིའི་མངའ་ཁོངས་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་། ཁོས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་དངོས་འཐབ་ཀྱི་ཆ་རྐྱེན་འོག་རྣམ་པ་གསར་བའི་འཕེན་ཚད་འབྲིང་གི་སྒྲ་བརྒལ་མྱུར་ཚད་ཅན་གྱི་འཕུར་མདའ་ཚོད་ལྟ་བྱེད་བཞིན་ཡོད། གལ་ཏེ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་འགུལ་སྐྱོད་ཚད་ལས་བརྒལ་ན། ཨུ་རུ་སིའི་ཕྱོགས་ཀྱིས་འདྲ་མཚུངས་ཀྱི་ཐབས་ལ་བརྟེན་ནས་འཕྲལ་དུ་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号