ཟླ11པའི་ཚེས14ཉིན། དབྱི་སི་རལ་གྱིས་ལི་པ་ནོན་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་ལ་མཁའ་རྒོལ་བྱས་པ་ལས་མི11རྐྱེན་ལམ་དུ་ཤོར་བ་དང་། མི9ལ་རྨས་སྐྱོན་བཟོས་པ་རེད།
ལི་པ་ནོན་རྒྱལ་ཁབ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ལི་པ་ནོན་གྱི་ཤར་ཕྱོགས་གྲོང་ཁྱེར་པ་ལེ་པའེ་ཁེ་ལ་མཁའ་རྒོལ་རབ་དང་རིམ་པ་བྱས་ཤིང་། དེའི་ཁྲོད་ཀྱི་འཇབ་རྒོལ་ཐེངས་གཅིག་གི་དམིགས་འབེན་ནི་ཐོག་བརྩེགས་གཉིས་ཅན་གྱི་ཐོག་ཁང་ཞིག་ཡིན་ལ། དེ་ལས་མི9རྐྱེན་ལམ་དུ་ཤོར་བ་དང་། མི5ལ་རྨས་སྐྱོན་བཟོས་པ་རེད། འཚོལ་སྐྱོབ་མི་སྣས་ནུས་ཤུགས་ཡོད་དགུས་སྔར་བཞིན་མི་སྣ་འཚོལ་ཞིབ་བྱེད་བཞིན་ཡོད།
ལི་པ་ནོན་དམག་ཕྱོགས་ཀྱི་མི་སྣ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཚེས14ཉིན་དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུ་ཡིས་ལི་པ་ནོན་གྱི་ལྷོ་ཕྱོགས་གྲོང་ཁྱེར་ནའེ་པའེ་ཐི་ཡའེ་དང་དེའི་ཉེ་འཁོར་གྱི་ས་ཁུལ་ལ་མཁའ་རྒོལ་ཐེངས16བྱས་པ་དང་། ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཐི་ཨར་ཧི་པིན་ཐེ་ཀྲུའུ་པའེ་ལའེ་ཉེ་འཁོར་གྱི་གྲོབ་བརྡལ་ལ་མཁའ་རྒོལ་ཐེངས11བྱས་པར་བཤད། ལི་པ་ནོན་རྒྱ་གྲམ་དམར་པོ་ཚོགས་པའི་མི་སྣ་ཞིག་གིས་གསར་འགོད་པར། ནའེ་པའེ་ཐི་ཡེ་ལ་མཁའ་རྒོལ་བྱས་པ་ལས་མི2རྐྱེན་ལམ་དུ་ཤོར་བ་དང་མི4ལ་རྨས་ཕོག་པར་བཤད།
ལི་པ་ནོན་སྤྱི་བའི་འཕྲོད་བསྟེན་པུའུ་ཡིས་ཚེས14ཉིན་བསྒྲགས་པའི་སྡོམ་རྩིས་གཞི་གྲངས་ལྟར་ན། ན་ནིང་གི་ཟླ10པའི་ཟླ་མགོའི་ཚུན་དུ། ལི་པ་ནོན་གཙོ་དཔོན་ཏང་དང་དབྱི་སི་རལ་བར་གྱི་འགལ་འདུ་ལས་ལི་པ་ནོན་གྱི་མི3386རྐྱེན་ལམ་དུ་ཤོར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注