སི་རི་ཡཱའི་རྒྱལ་སའི་རླངས་འཁོར་ཞིག་ལ་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་ནས་མི་གཉིས་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་རླངས་འཁོར་ཞིག་ལ་ཉིན་དེར་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་ནས། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ས་དེའི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཅུ་བདུན་ཡས་མས་སུ། དབྱི་སི་རལ་གྱི་དམག་དཔུང་གིས་ཏཱ་མཱ་ཧྲི་ཀིའི་ནུབ་ཕྱོགས་ཀྱི་མེད་ཙེ་ས་ཁུལ་གྱི་རླངས་འཁོར་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཟེར། ཉེ་འཁོར་གྱི་མི་སྒེར་གྱི་རྒྱུ་ནོར་ལའང་གྱོང་གུད་ཐེབས་ཡོད་ཟེར།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཡུལ་དངོས་ནས་མཐོང་བ་ལྟར་ན། འཇབ་རྒོལ་ཐེབས་པའི་རླངས་འཁོར་དེར་གཏོར་བརླག་ཚབས་ཆེན་ཐེབས་པ་དང་། དེའི་ཉེ་སར་ཡོད་པའི་སྐར་ལྔ་རིམ་པའི་མགྲོན་ཁང་ཞིག་གི་སྒེའུ་ཁུང་ཤེལ་སྒོ་ཆག་ཡོད་ལ། རྒུད་སྐྱོབ་མི་སྣ་མང་བོས་རྒུད་སྐྱོབ་བྱེད་བཞིན་ཡོད་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号