ཀྲུང་གུང་འཐུས་ཚབ་ཚོགས་པས་ནེ་པ་ལར་འཚམས་འདྲི་བྱས།

ནེ་པ་ལ་གུང་ཁྲན་ཏང་གི་གདན་ཞུ་ལྟར། ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཟླ10པའི་ཚེས19ཉིན་ནས་ཚེས20ཉིན་བར་ནེ་པ་ལར་འཚམས་འདྲི་བྱས། འཚམས་འདྲི་སྐབས་སུ། ནེ་པ་ལ་གུང་ཁྲན་ཏང་གི་ཀྲུའུ་ཞི། སྲིད་གཞུང་གི་ཙུང་ལི་ཨོ་ལིས་ཐུག་འཕྲད་བྱས། འཐུས་ཚབ་ཚོགས་པས་སྲིད་དབང་བཟུང་མེད་པའི་སྲིད་ཏང་གི་འགོ་ཁྲིད་མི་སྣ་གཙོ་བོ་དང་བརྗེ་རེས་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་སྐབས་མཉམ་སྤྱོད་བྱས་ནས། ཁ་བྱང་ལ་ཧི་མ་ལ་ཡ་བརྒལ་བའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞེས་པའི་ཀྲུང་གུང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུར་ཞུགས།

ནེ་པ་ལས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གོ་སྐབས་མཉམ་སྤྱོད་བྱེད་པར་རེ་སྒུག་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་གོང་བཀུར་ལག་བསྟར་བྱེད་རྒྱུ་བསྐྱར་བསྒྲགས་བྱས་ལ། ཀྲུང་གོའི་སྲིད་ཏང་བར་གྱི་འགྲོ་འོང་ལ་སྔར་ལས་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ནེ་པ་ལ་དང་ཀྲུང་གོའི་འབྲེལ་བ་རྒྱུན་མ་ཆད་པར་འཕེལ་རྒྱས་གཏོང་འདོད་ཡོད་པའི་ཚུལ་བསྟན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号