དབྱི་སི་རལ་གྱི་དམག་དཔུང་གིས་པེ་རུ་ཐིའི་ལྷོ་ཕྱོགས་ཀྱི་སྨན་ཁང་ཉེ་འདབས་སུ་ཉུང་མཐར་ཡང་མི4རྐྱེན་ལམ་དུ་ཤོར།

ལེ་པཱ་ནུན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས21ཉིན་གྱི་དགོང་མོར་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ས་པེ་རུ་ཐིའི་ལྷོ་ཕྱོགས་ཀྱི་ལཱ་ཧྥེ་ཁི་ཧཱ་ལི་ལི་སློབ་ཆེན་སྨན་ཁང་གི་ཉེ་འདབས་སུ་ཡོད་པའི་ཐོག་ཁང་ཞིག་ལ་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་བྱིས་པ་གཅིག་དང་བཅས་པའི་མི4རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི24ལ་རྨས་ཕོག་ཡོད་ཟེར།

པེ་རུ་ཐིའི་ལྷོ་ཕྱོགས་ཀྱི་ཅི་ནཱ་ས་ཁུལ་དུ་ཡོད་པའི་ལཱ་ཧྥེ་ཁི་ཧཱ་ལི་ལི་སློབ་ཆེན་སྨན་ཁང་ནི་ལེ་པཱ་ནུན་གྱི་ཆེས་ཆེ་བའི་གཞུང་བཙུགས་སྨན་ཁང་ཡིན་པ་དང་། འཕྲོད་བསྟེན་པུའུ་ཡི་ཐོག་ཁང་དང་འབྲེལ་ནས་ཡོད། འཇབ་རྒོལ་དོན་རྐྱེན་བྱུང་རྗེས། དམངས་སྲུང་སྡེ་ཁག་གིས་མྱུར་སྐྱོབ་རླངས་འཁོར25མངག་ནས་ཡུལ་དངོས་ནས་རྒུད་སྐྱོབ་བྱ་འགུལ་སྤེལ་བ་རེད།

གཞན་ཡང་ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས21ཉིན་གྱི་དགོང་མོར་པེ་རུ་ཐིའི་ལྷོ་འདབས་ཀྱི་གནས་མང་བོར་བར་སྣང་འཇབ་རྒོལ་ཐེངས13སྤེལ་བ་དང་། པེ་རུ་ཐིའི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཉེ་བའི་ཉ་གསོ་གྲུ་ཁ་ཞིག་ལ་འཇབ་རྒོལ་ཐེབས་ནས། གནམ་གྲུ་ཐང་གི་རྒྱུག་ལམ་གནས་སྐབས་སུ་སྒོ་བརྒྱབ་པ་དང་། ལེ་པཱ་ནུན་དབུས་ཤར་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་གྲ་སྒྲིག་བྱས་པའི་རྒྱུག་ལམ་གཞན་ཞིག་ཏུ་འབབ་དགོས་བྱུང་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཚེས21ཉིན་བཤད་རྒྱུར། པེ་རུ་ཐིའི་སཱ་ཧི་ལེ་ཕྱོགས་བསྡུས་སྨན་ཁང་གི་འོག་ཁང་དུ་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གིས་སྦས་པའི་སྒོར་མོ་དང་གསེར་སོགས་ཡོད་ཟེར། དེའི་ཐད་ནས་སྨན་ཁང་དེའི་འགན་ཁུར་བས་ཁས་ལེན་མ་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གི་བཤད་ཚུལ་དེ་རྫུན་བཟོ་ཁོ་ན་རེད་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号