ཐུ་ནི་ཞི་ཡཱའི་བསྟུད་འགན་ཁུར་བའི་ཙུང་ཐུང་སེ་དབྱེ་ཏི་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཐུ་ནི་ཞི་ཡཱའི་བསྟུད་འགན་ཁུར་བའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཚེས21ཉིན་རྒྱལ་ས་ཐུ་ནི་ཞི་ཡཱའི་གྲོས་ཁང་གི་སྤྱི་ཁྱབ་པུའུ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

སེ་དབྱེ་ཏི་ཡིས་གཏམ་བཤད་སྤེལ་སྐབས་རྒྱལ་ཁབ་ཀྱི་སྒེར་ཚུགས་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་འཇོག་བྱས་ནས། རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་བློ་དཀར་རྣམ་དག་ཡིན་པ་ཁས་ལེན་བྱས། ཁོས་ཐུ་ནི་ཞི་ཡཱའི་བདག་དབང་ནི་བརྒལ་མི་རུང་བའི་མ་མཐའི་ཚད་ཐིག་ཡིན་པ་བསྐྱར་སྒྲོག་བྱས་པ་དང་། འཇིགས་སྐུལ་རིང་ལུགས་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་འགྲན་རྩོད་གལ་ཆེན་ཞིག་ཡིན་པ་ནན་བཤད་བྱས།

ཐུ་ནི་ཞི་ཡཱ་ཡིས་ལོ་ལྔའི་ནང་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ཐེངས་རེ་སྤེལ་བཞིན་ཡོད་པ་དང་། ད་ལོར་ལོ66ཡིན་པའི་སེ་དབྱེ་ཏི་ནི2019ལོར་ཐོག་དང་པོར་ཙུང་ཐུང་དུ་བདམས་ཐོན་བྱུང་བ་རེད། ད་ལོའི་ཟླ10བའི་ཚེས6ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་སེ་དབྱེ་ཏི་ལ་བརྒྱ་ཆའི་དགུ་བཅུ་དང་གྲངས་ཆུང་དྲུག་དགུའི་འདེམ་ཤོག་ཐོབ་ནས་བདེ་བླག་ངང་བསྟུད་འགན་ཁུར་བ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号