སུའུ་ཏན་དབུས་ཕྱོགས་ཀྱི་གྲོང་ཁྱེར་དང་སྡེ་བ་མང་བོར་འཇབ་རྒོལ་ཐེབས་ནས་མི10ལྷག་རྐྱེན་ལམ་དུ་ཤོར།

སུའུ་ཏན་དབུས་ཕྱོགས་ཀྱི་ཅེ་ཅི་ལཱ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཝ་ཏི་མེད་ཏཱ་ནེའི་ས་གནས་རྩ་འཛུགས་ཝ་ཏི་མེད་ཏཱ་ནེ་འགོག་རྒོལ་ཨུ་ཡོན་ལྷན་ཁང་གིས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཉེ་སྔོན་མངའ་སྡེ་དེའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་གཉིས་དང་སྡེ་བ་མང་བོར་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ10ལྷག་རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་མང་བོར་རྨས་ཕོག་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས20ཉིན་དང་ཚེས21ཉིན་ཝ་ཏི་མེད་ཏཱ་ནེ་གྲོང་ཁྱེར་ཤར་ངོས་ཀྱི་ཐན་པུའུ་ཨར་གྲོང་ཁྱེར་དང་ལུའུ་ཧྥ་ཨ་གྲོང་ཁྱེར། དེ་མིན་ཉེ་འདབས་ཀྱི་སྡེ་བ་མང་བོར་འཇབ་རྒོལ་བྱས། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། དེའི་ནང་མི་བརྒྱད་ཀྱི་གནས་ཚུལ་ཚབས་ཆེན་རེད་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་བཀོད་འདོམ་དཔོན་པོ་ཅི་ཁི་ཨར་གྱིས་ཚེས20ཉིན་ཁོངས་གཏོགས་དམག་དཔུང་ཁྲིད་དེ་སུའུ་ཏན་དྲག་ཆས་དམག་དཔུང་ལ་མགོ་བཏགས་རྗེས། སུའུ་ཏན་དྲག་ཆས་དམག་དཔུང་གིས་ཐན་པུའུ་ཨར་གྲོང་ཁྱེར་ཚོད་འཛིན་བྱས། ཉིན་དེའི་དགོང་མོར་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་གྲོང་ཁྱེར་དེར་དཔུང་འཇུག་བྱས་ནས་སུའུ་ཏན་དྲག་ཆས་དམག་དཔུང་ཕྱིར་འཐེན་མི་བྱེད་ཐབས་མེད་བྱུང་ཡོད་ཟེར།

སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་འཇབ་རྒོལ་དོན་རྐྱེན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号