སུའུ་ཏན་དང་སུའུ་ཏན་ལྷོ་མས་སུའུ་ཏན་བརྒྱུད་པའི་སུའུ་ཏན་ལྷོ་མའི་རྡོ་སྣུར་ཕྱིར་གཏོང་སླར་གསོ་བྱེད་པར་གྲོས་བསྡུར་བྱས།

སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའམ་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་གྱིས་ཚེས20ཉིན་སུའུ་ཏན་ཤར་ཕྱོགས་ཀྱི་སུའུ་ཏན་གྲུ་ཁའི་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་སུའུ་ཏན་ལྷོ་མའི་ཙུང་ཐུང་གི་བདེ་འཇགས་ལས་དོན་གྱི་བློ་འདོན་པ་ཅཱ་ཨར་ཝ་ཁི་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་སུའུ་ཏན་བརྒྱུད་པའི་སུའུ་ཏན་ལྷོ་མའི་རྡོ་སྣུམ་ཕྱིར་གཏོང་སླར་གསོ་བྱེད་པར་གྲོས་བསྡུར་བྱས།

ཅཱ་ཨར་ཝ་ཁི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྡོ་སྣུམ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཚེ་སྲོག་ལྟ་བུ་ཡིན་པས། ངེས་པར་དུ་སུའུ་ཏན་བརྒྱུད་དེ་སུའུ་ཏན་ལྷོ་མའི་རྡོ་སྣུམ་ཕྱིར་གཏོང་བྱེད་པའི་མདུན་དུ་ལྷགས་པའི་བཀག་རྒྱ་ཡོད་ཚད་ཐག་གཅོད་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་དང་རྡོ་སྣུམ་པུའུ་ཡིས་གྲོས་ཚོགས་བསྡུས་ནས་གནད་དོན་དེ་ཇི་ལྟར་ཐག་གཅོད་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱི་ལག་རྩལ་དཔུང་ཁག་གིས་ཀྱང་རྡོ་སྣུམ་གྱི་ཐོན་ཚད་ཇེ་མཐོར་གཏོང་བར་གྲ་སྒྲིག་བྱེད་དགོས་ཟེར།

སུའུ་ཏན་སྲིད་གཞུང་གིས་ད་ལོའི་ཟླ3པར་གནས་སྐབས་སུ་རང་གི་མངའ་ཁོངས་བརྒྱུད་དེ་སུའུ་ཏན་ལྷོ་མར་རྡོ་སྣུམ་ཕྱིར་གཏོང་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། དེའི་སྔོན་སུའུ་ཏན་གྱི་པེ་ནེ་ལོ་ཧི་མངའ་སྡེའི་བྱང་ཕྱོགས་ཀྱི་ས་འོག་སྣུམ་འདྲེན་སྦུག་ལམ་ཞིག་ལ་གཏོར་སྐྱོན་ཐེབས་པ་དང་། དེའི་ཞིག་གསོ་བྱེད་པའི་བྱ་བར་སུའུ་ཏན་མངའ་ཁོངས་ཀྱི་དྲག་ཆས་འཁྲུག་རྩོད་ཀྱི་བཀག་རྒྱ་ཐེབས་པ་རེད།

རྡོ་སྣུམ་ཕྱིར་གཏོང་ནི་སུའུ་ཏན་ལྷོ་མའི་ཡོང་འབབ་གཙོ་བོ་ཞིག་ཡིན་པ་དང་། རྒྱལ་ཁབ་དེས་སུའུ་ཏན་བརྒྱུད་པའི་སྦུག་དྲ་ལ་བརྟེན་ནས་རང་གི་མ་བཅོས་རྡོ་སྣུམ་དེ་རྒྱལ་སྤྱིའི་ཚོང་རར་འདྲེན་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号