ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་དབྱི་སི་རལ་གྱིས་བསམ་བཞིན་སོ་ལྟའི་སྟེགས་བུ་གཏོར་བཤིག་བཏང་བར་སྐྱོན་འཛུགས་བྱས།

ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ཚེས20ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་བསམ་བཞིན་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ལེ་པཱ་ནུན་ལྷོ་ཕྱོགས་མཐའ་མཚམས་ས་ཁུལ་གྱི་སོ་ལྟའི་སྟེགས་བུ་གཏོར་བཤིག་བཏང་བར་སྐྱོན་འཛུགས་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེའི་སྔ་དྲོར་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ས་འདེད་འཕྲུལ་ཆས་བཀོལ་ནས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་མཱ་ཨར་ཝ་ཞིན་སྡེ་བར་ཡོད་པའི་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་སྒར་སའི་སོ་ལྟའི་སྟེགས་བུ་དང་ཉེ་འཁོར་གྱི་ར་སྐོར་གཏོར་བཤིག་བཏང་ཟེར། གསལ་སྒྲོག་ལས་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་དང་དེར་འབྲེལ་གྱི་ཚོགས་ཁག་ཚང་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་གསལ་འདེབས་བྱས་པར་མ་ཟད། དུས་ནམ་ཡིན་ཡང་མཉམ་འབྲེལ་རྒྱལ་ཚོགས་ལ་བརྩི་འཇོག་བྱེད་དགོས་ཟེར།

གསལ་སྒྲོག་ལས་བསྐྱར་སྒྲོག་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒར་སར་བཙན་འཛུལ་བྱས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུ་ནོར་ལ་གཏོར་བརླག་བཏང་བ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་དང་མངོན་སུམ་འཛེམ་མེད་ཀྱིས་འགལ་བའི་བྱ་སྤྱོད་ཅིག་ཡིན་པ་དང་། དབྱི་སི་རལ་གྱི་དམག་དཔུང་གི་བྱ་སྤྱོད་དེ་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་དང་འགལ་ཡོད་པར་མ་ཟད་ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号