དབྱི་རག་དམག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཞི་བསད།

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་ཁོངས་སུ་གཏོགས་པའི་བདེ་འཇགས་སྨྱན་བྱད་ལྟེ་གནས་ཀྱིས་ཚེས20ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་དམག་ཕྱོགས་ཀྱིས་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་བྱས་ནས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཞི་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་དམག་དོན་གསང་འཕྲིན་སྡེ་ཁག་གིས་ཉིན་མང་བོར་ལྟ་ཞིབ་བྱས་པ་བརྒྱུད་སཱ་ལཱ་ཧི་ཏེན་ཞིང་ཆེན་བྱང་ཕྱོགས་ས་ཁུལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་རྙེད་པ་དང་། དབྱི་རག་དམག་དཔུང་གིས་དེའི་རྗེས་སུ་བར་སྣང་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་འགོ་བ་གཅིག་དང་བཅས་པའི་དྲག་ཆས་ཉེས་ཅན་བཞི་བསད། བར་སྣང་འཇབ་རྒོལ་ལས་ད་རུང་དྲག་ཆས་ཉེས་ཅན་གྱི་མཚོན་ཆ་དང་མདེལ་རྫས། འཕྲིན་གཏོང་སྒྲིག་ཆས། མཁོ་སྒྲུབ་དངོས་རྫས་སོགས་ལ་གཏོར་བཤིག་བཏང་།

དབྱི་རག་སྲིད་གཞུང་གིས2017ལོའི་ཟླ12པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་བཏང་ནས་རྒྱལ་ཁ་བླངས་ཡོད་པ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་ཐལ་སྤྱོད་རྩ་འཛུགས་ལྷག་འཕྲོའི་སྟོབས་ཤུགས་དེ་དབྱི་རག་གི་མཐའ་འཁོབ་ཞིང་སྡེ་ས་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་ཡོད་པ་དང་། དུས་ངེས་མེད་དུ་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号