དབྱི་སི་རལ་གྱིས་ཡང་བསྐྱར་ལེ་པཱ་ནུན་ལ་གཅིག་བསྡུས་ཀྱིས་བར་སྣང་འཇབ་རྒོལ་བྱས་པ་དང་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་ལ་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱས།

དབྱི་སི་རལ་གྱིས་ཚེས20ཉིན་གྱི་ཞོགས་པར་ཡང་བསྐྱར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་སུ་གཅིག་བསྡུས་ཀྱིས་བར་སྣང་འཇབ་རྒོལ་བྱས། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས20ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་བར། ཀྲིན་ཀྲུའུ་ཏང་གིས་ལེ་པཱ་ནུན་གྱི་མངའ་ཁོངས་ནས་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའ160ཙམ་གཏོང་འཕེན་བྱས་ཡོད་ཟེར།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས20ཉིན་གྱི་ཞོགས་པར་པེ་རུ་ཐིའི་ལྷོ་འདབས་སུ་ཉུང་མཐར་ཡང་བར་སྣང་འཇབ་རྒོལ་ཐེངས་བཞི་སྤེལ། བར་སྣང་འཇབ་རྒོལ་བྱས་རྗེས་ས་ཁུལ་དེའི་གནས་མང་བོར་དུད་ནག་འཕྱུར་བཞིན་ཡོད། སྨྱན་བྱད་ཀྱིས་བཏང་བའི་བརྙན་རིས་ལས་མངོན་པ་ལྟར་ན། ཡུལ་དངོས་སུ་ཐོག་ཁང་མང་བོར་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་པ་རེད།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་གསལ་སྒྲོག་ལས་བཤད་རྒྱུར། བར་སྣང་འཇབ་རྒོལ་འགུལ་སྐྱོད་སྤེལ་སྐབས། ཀྲིན་ཀྲུའུ་ཏང་གི་བཀོད་འདོམ་དཔོན་པོ་གསུམ་བསད་ཡོད་ཟེར། གཞན་ཡང་ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས20ཉིན་གྱི་ཞོགས་པར་ལེ་པཱ་ནུན་ལྷོ་ཕྱོགས་ཞིང་ཆེན་དང་ནཱ་པེད་ཐིས་ཡེ་ཞིང་ཆེན། ལེ་པཱ་ནུན་རི་བོའི་ཞིང་ཆེན་སོགས་ཀྱི་གྲོང་སྡེ་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི13རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་མངའ་ཁོངས་ཀྱི་གནས་མང་བོར་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱས་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས20ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་བར། ཀྲིན་ཀྲུའུ་ཏང་གིས་ལེ་པཱ་ནུན་གྱི་མངའ་ཁོངས་ནས་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའ160ཙམ་གཏོང་འཕེན་བྱས་ཡོད་ཟེར།

ཡེ་ལུའུ་སཱ་ལེམ་དུ་སྡོད་པའི་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་ནང་སྒྲིག་སྦྱོར་བྱས་པའི་ཉེན་བརྡ་གཏོང་བའི་མ་ལག་ལས་མངོན་པ་ལྟར་ན། དབྱི་སི་རལ་བྱང་ཕྱོགས་ཀྱི་ཧེ་ཧྥ་དང་ཅཱ་ལེ་ལེ་མཚོ་མོའི་ཉེ་འཁོར་ས་ཁུལ། དེ་མིན་དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་ས་བཅས་སུ་མཁའ་སྲུང་ཉེན་བརྡ་ཡང་ཡང་གྲགས་ཡོད་པ་རེད།

དབྱི་སི་རལ་གྱི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཧཱ་ལེ་ཝེ་ཡིས་ཉེ་སྔོན་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་བཀོད་འདོམ་དཔོན་པོ་ཚང་མ་ཚར་གཅོད་བྱས་ཟེར། ཧཱ་ལའེ་ཝེ་ཡིས་བཤད་རྒྱུར། ཚོད་དཔག་བྱས་ན་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མི་སྣ1500བསད་ཡོད་ལ། དོན་དངོས་ཀྱི་ཁ་གྲངས་དེ་ལས་མང་ཡང་སྲིད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号