ཕུའུ་ལཱ་པའོ་བོ་ཡིས་དམ་བཅའ་བཞག་སྟེ་ཧིན་རྡུ་ཉི་ཞི་ཡཱའི་སྐབས་བརྒྱད་པའི་ཙུང་ཐུང་གི་འགན་ཁུར།

ཕུའུ་ལཱ་པའོ་བོ་ཡིས་ཚེས20ཉིན་དམ་བཅའ་བཞག་སྟེ་ཧིན་རྡུ་ཉི་ཞི་ཡཱའི་སྐབས་བརྒྱད་པའི་ཙུང་ཐུང་གི་འགན་ཁུར་བ་དང་། ལོ་ལྔའི་ཙུང་ཐུང་གི་འགན་ཡུན་མགོ་བརྩམས། སྔོན་ཆད་ཀྱི་ཙུང་ཐུང་ཙོ་ཁི་ཡི་བུ་ཆེ་བ་ཅི་པུའུ་ལན་ཡིས་དམ་བཅའ་བཞག་སྟེ་ཙུང་ཐུང་གཞོན་པའི་འགན་ཁུར།

ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོ་ཉིན་དེའི་སྔ་དྲོར་ཧིན་རྡུ་ཉི་ཞི་ཡཱའི་མི་དམངས་གྲོས་མོལ་གྲོས་ཚོགས་ཐོག་ཁང་ཆེན་མོའི་ནང་སྤེལ། མི་དམངས་གྲོས་མོལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨ་ཧི་མཱ་ཏི་མུའུ་ཀྲ་ནེ་ཡི་བདེན་དཔང་འོག ཕུའུ་ལཱ་པའོ་བོ་དང་ཅི་པུའུ་ལན་གྱིས་དམ་བཅའ་བཞག་པར་མ་ཟད་ལས་འགན་ཁུར་བའི་ཡིག་ཆའི་སྟེང་མིང་བཀོད།

ལས་འགན་ཁུར་བའི་གཏམ་བཤད་སྤེལ་སྐབས། ཕུའུ་ལཱ་པའོ་བོ་ཡིས་ཁོས་དམངས་ཡོངས་ཀྱི་ཁེ་ཕན་ཐད་ཀྱི་དམ་བཅའ་བསྐྱར་སྒྲོག་བྱས། ཁོས་བཤད་རྒྱུར། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་གཙོ་གནད་དུ་འཛིན་པ་དང་མི་སྒེར་གྱི་ཁེ་ཕན་དེའི་ཟླར་འཇོག་མི་སྲིད་ཟེར།

ད་ལོར་དགུང་ལོ73ཡིན་པའི་ཕུའུ་ལཱ་པའོ་བོ་ཡིས་སྔོན་ཆད་ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་མྱོང་བ་དང་། ལོ་ངོ་བཅུ་ཕྲག་འགར་དམག་དཔུང་ཁྲོད་འཚོ་བ་རོལ་མྱོང་། ཟླ2པའི་ཚེས14ཉིན་སྤེལ་བའི་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་འདེམ་བསྐོའི་ཁྲོད། ཕུའུ་ལཱ་པའོ་བོ་དང་ཅི་པུའུ་ལན་ལ་བརྒྱ་ཆའི་ང་བརྒྱད་དང་གྲངས་ཆུང་ལྔ་བརྒྱད་ཀྱི་འདེམ་ཤོག་ཐོབ་ནས་ཙུང་ཐུང་དང་ཙུང་ཐུང་གཞོན་པར་བདམས་པ་རེད། ཟླ4བའི་ཚེས24ཉིན། ཧིན་རྡུ་ཉི་ཞི་ཡཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཕུའུ་ལཱ་པའོ་བོ་ནི་ཧིན་རྡུ་ཉི་ཞི་ཡཱའི་སྐབས་བརྒྱད་པའི་ཙུང་ཐུང་དུ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号