དབྱི་ལིང་ཙུང་ཐུང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་སྒྲོམ་གཞི་སྲུང་འཛིན་བྱེད་པར་འཚོལ་ཞིབ་བྱེད་བཞིན་ཡོད།

དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞེ་ཆི་དབྱང་གིས་ཚེས་བཅུ་དྲུག་ཉིན་ཏི་ཧེ་ལན་ནས་བསྟན་དོན།དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་སུ་གཏོང་བར་འཚོལ་ཞིབ་བྱེད་བཞིན་མེད་པ་དང་།དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་སྒྲོམ་གཞི་སྲུང་འཛིན་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར།

ཕའེ་ཙེ་ཞེ་དབྱང་ཆི་ཡིས་ཉིན་དེར་ལས་འགན་ཁུར་རྗེས་ཀྱི་གསརར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མའི་སྟེང་བཤད་རྒྱུར།ང་ཚོས་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་སུ་གཏོང་བ་བརྩོན་ལེན་མི་བྱེད་པར།ང་ཚོའི་ལག་རྩལ་དང་ཚན་རིག་གི་དགོས་མཁོ་བསྐང་ཐུབ་པ་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།ཁོས་བསྟན་དོན།དབྱི་ལིང་གིས་སྔར་བཞིན་ཉིང་རྡུལ་ནུས་པའི་གྲོས་མཐུན་སྒྲོམ་གཞི་སྲུང་འཛིན་བྱེད་པར་འབད་འབུངས་བྱེད་པ་ནི་རྒྱལ་ཁབ་གཞན་པས་གྲོས་མཐུན་གྱི་ནང་དོན་ལག་བསྟར་མ་བྱས་པར་དབྱི་ལིང་ལ་རང་གི་ཐོག་མའི་སེམས་འདུན་དང་འགལ་བའི་བྱ་སྤྱོད་སྤེལ་དུ་བཅུག་པས་རེད།གལ་ཏེ་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་སྐོར་ཞིག་གིས་མུ་མཐུད་དུ་གྲོས་མཐུན་གྱི་ནང་དོན་ལག་བསྟར་བྱེད་རྒྱུ་ཁས་ལེན་བྱས་ན།དབྱི་ལིང་གིས་ཀྱང་ཆིངས་ཡིག་དེ་ལག་བསྟར་བྱེད་ངེས་ཡིན་ཟེར།

ཕའེ་ཙེ་ཞེ་ཆི་དབྱང་གིས་ད་རུང་བསྟན་དོན།དབྱི་ལིང་ནི་འཐབ་འཁྲུག་སློང་མཁན་མིན་ཞིང་།རྒྱལ་ཁབ་གཞན་པར་དགྲར་འཛིན་གྱི་བསམ་པ་མེད་ཀྱང་།དབྱི་ལིང་གིས་རྒྱལ་སྲུང་སྟོབས་ཤུགས་སྲུང་འཛིན་བྱས་ཏེ་རྒྱལ་ཁབ་དངང་མི་དམངས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号