ཕེ་རུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཟུར་པ་ཨ་ཨར་ཝའེ་ཐའོ·ཐིན་སུན་སྐུ་གཤེགས་པ།

པར་འདི་ནི་ཟླ9པའི་ཚེས11ཉིན་ཕེ་རུ་རྒྱལ་ཁབ་ཀྱི་ལི་མ་རུ་ཉེན་རྟོག་པས་ཙུང་ཐུང་ཟུར་པ་ཨ་ཨར་ཝའེ་ཐའོ·ཐིན་སུན་གྱི་སྡོད་ཁང་ཕྱི་རོལ་དུ་ཉེན་ཟོན་བྱེད་བཞིན་པའི་རྣམ་པ་རེད། 

ཕེ་རུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཟུར་པ་ཨ་ཨར་ཝའེ་ཐའོ·ཐིན་སུན་ས་དེའི་དུས་ཚོད་ཚེས11ཉིན་རྒྱལ་ཁབ་དེའི་རྒྱལ་ས་ལི་མ་རུ་སྐུ་གཤེགས་ཤིང་། དགུང་ལོ86རེད། 

ཕེ་རུ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། ཉིན་དེའི་ཉིན་གུང་སྐབས་ཐིན་སུན་གྱི་ནད་གཞི་ཇེ་ཞན་དུ་གྱུར་ཞིང་། ཉིན་དེའི་ཕྱི་དྲོར་ཐིན་སུན་དང་ཏང་ཁག་གཅིག་ཡིན་པའི་མི་དམངས་སྟོབས་ཤུགས་ཏང་རྒྱལ་ཚོགས་ཀྱི་གྲོས་མི་སྐོར་ཞིག་ཁོང་གི་བུ་མོ་ཐིན་སུན་ཆིན་ཙི་འདུག་སའི་མ་ཧྲིན་པའོ་ཨར་ཧ་རུ་སོང་ནས་ཐིན་སུན་ལ་འཚམས་འདྲི་གནང་བ་རེད། ས་དེའི་ཆུ་ཚོད18དང་སྐར་མ26སྟེང་། ཐིན་སུན་ཆིན་ཙི་ཡིས་སྤྱི་འབྲེལ་སྨྱན་སྦྱོར་སྟེང་། དུས་ཡུན་རིང་བོ་ཞིག་ལ་སྐྲན་ནད་དང་འཐབ་འཛིང་བྱས་མཐར། ཨ་ཨར་ཝའེ་ཐའོ·ཐིན་སུན་ཉིན་དེར་སྐུ་གཤེགས་པ་ཁྱབ་བསྒྲགས་བྱས།

པར་འདི་ནི་ཟླ9པའི་ཚེས11ཉིན་ཕེ་རུ་རྒྱལ་ཁབ་ཀྱི་ལི་མ་རུ་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པས་ཙུང་ཐུང་ཟུར་པ་ཨ་ཨར་ཝའེ་ཐའོ·ཐིན་སུན་གྱི་སྡོད་ཁང་ཕྱི་རོལ་དུ་འདུས་ཡོད་པའི་རྣམ་པ་རེད། 

ཐིན་སུན་ནི་ཕེ་རུ་རྒྱལ་ཁབ་དུ་རྩོད་གཞི་ཆེ་བའི་ཆབ་སྲིད་ཀྱི་མི་སྣ་ཞིག་རེད། བཀོད་པའི་གནས་ཚུལ་ལྟར་ན། ཁོ་རང1990ལོ་ནས2000ལོ་བར་ཙུང་ཐུང་གི་འགན་འཁུར་བའི་རིང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པར་རྡུང་རྡེག་ནན་མོ་བཏང་བ་དང་། ཤུགས་ཆེན་པོས་བཅོས་སྒྱུར་སྐུལ་འདེད་བཏང་སྟེ། བདེ་འཇགས་གནས་བབ་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་པ་དང་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་ཕྱིན་མོད། ཁྲིམས་སྐྱོང་ལ་གཏོར་བཤིག་ཕོག་ཅིང་རུལ་སུངས་ཅུང་དར་ཁྱབ་དུ་བྱུང་ཡོད་པ་རེད།

ཕེ་རུ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱི་ཟླ9པའི་ཚེས11ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཕེ་རུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཟུར་པ་ཨ་ཨར་ཝའེ་ཐའོ·ཐིན་སུན་ཉིན་དེར་སྐུ་གཤེགས་པ་རེད།

པར་འདི་ནི་ཟླ9པའི་ཚེས11ཉིན་ཕེ་རུ་རྒྱལ་ཁབ་ཀྱི་ལི་མ་རུ་སྨན་ལས་མི་སྣ་ཞིག་གིས་ཙུང་ཐུང་ཟུར་པ་ཨ་ཨར་ཝའེ་ཐའོ·ཐིན་སུན་གྱི་སྡོད་ཁང་ནས་ཕྱིར་བུད་པའི་རྣམ་པ་རེད། 

པར་འདི་ནི་ཟླ9པའི་ཚེས11ཉིན་ཕེ་རུ་རྒྱལ་ཁབ་ཀྱི་ལི་མ་རུ་མང་ཚོགས་རྣམས་ཙུང་ཐུང་ཟུར་པ་ཨ་ཨར་ཝའེ་ཐའོ·ཐིན་སུན་གྱི་སྡོད་ཁང་ཕྱི་རོལ་དུ་མྱ་ངན་ཞུ་བཞིན་པའི་རྣམ་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号