ལི་ཆང་ཨབ་ཀྲ་པེ་རུ་འབྱོར་ཏེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས་པ།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པའམ་ཙུང་ལི་མའོ་ཧན་མའོ་ཏེ་ཡིས་གདན་ཞུ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཟླ9པའི་ཚེས11ཉིན་གྱི་དགོང་མོར་ཆེད་གཏོང་གནམ་གྲུར་བསྡད་ནས་ཨབ་ཀྲ་པེའི་ཀྲ་ཡེ་ཏེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས། པར་འདི་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཙུང་ཐུང་གི་ཀྲུང་གོའི་ལས་དོན་གྱི་ཆེད་མངགས་ཕོ་ཉ་ཧ་ལའེ་ཏུན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་དབྱི་མིང་སོགས་གནམ་གྲུ་ཐང་དུ་ཕེབས་བསུ་གནང་བའི་རྣམ་པ་རེད།  

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པའམ་ཙུང་ལི་མའོ་ཧན་མའོ་ཏེ་ཡིས་གདན་ཞུ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཟླ9པའི་ཚེས11ཉིན་གྱི་དགོང་མོར་ཆེད་གཏོང་གནམ་གྲུར་བསྡད་ནས་ཨབ་ཀྲ་པེའི་ཀྲ་ཡེ་ཏེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཙུང་ཐུང་གི་ཀྲུང་གོའི་ལས་དོན་གྱི་ཆེད་མངགས་ཕོ་ཉ་ཧ་ལའེ་ཏུན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་དབྱི་མིང་སོགས་གནམ་གྲུ་ཐང་དུ་ཕེབས་བསུ་གནང་། 

ལི་ཆིང་གིས། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་ཕྱི་འབྲེལ་བཙུགས་པའི་ལོ་ངོ40རིང་། ཕྱོགས་གཉིས་ཀྱི་འབྲེལ་བ་དུས་དང་རྣམ་པ་ཀུན་ཏུ་འཕེལ་རྒྱས་ཀྱི་རྣམ་པ་སྲུང་འཛིན་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་གསོན་ཤུགས་ལྡན། ད་ལོའི་ཟླ5པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མའོ་ཧན་མའོ་ཏེ་དང་མཉམ་དུ་གྲོས་མོལ་གནང་ཞིང་། མཉམ་དུ་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་འབྲེལ་བའི་ཐད་ལ་ཇུས་གཞི་བཀོད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་མ་ཟད། མདུན་སྐྱོད་ཀྱི་འགུལ་ཤུགས་བསྣན་པ་རེད་ཅེས་བསྟན། 

ལི་ཆང་གིས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་དང་མགྱོགས་མྱུར། གཏིང་ཟབ་འཕེལ་རྒྱས། ཁྱབ་ཁོངས་ཁག་གི་དངོས་དོན་མཉམ་ལས་བཅས་གཏིང་ཇེ་ཟབ་དང་མི་ཆོས་བརྗེ་རེས་ཉིན་རེ་བཞིན་ཇེ་མང་དུ་ཕྱིན་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་མང་སྟེགས་བུ་བརྒྱུད་མཐུན་སྦྱོར་དམ་ཟབ་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་སྐུལ་འདེད་དང་། རྒྱུན་མཐུད་ངང་དར་རྒྱས་འབྱུང་བར་ནུས་ཤུགས་འབུལ་དགོས། ངེད་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་དང་ལས་རིགས་སོ་སོའི་མཛའ་གྲོགས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་ཆགས་པའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་རྣམས་ཁྲིད་སྟོན་དུ་བྱས་ནས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར40ལོན་པ་འདི་གོ་སྐབས་ཤིག་ཏུ་རྩིས་ནས། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་དུ་གཏིང་ཇེ་ཟབ་དང་རྒྱང་རིང་བོར་བསྐྱོད་པར་སྐུལ་འདེད་དང་། ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་སྔར་ལས་ལྷག་པའི་གྲུབ་འབྲས་ཐོབ་པ་བཅས་བྱ་དགོས་ཞེས་བསྟན། 

ལི་ཆང་ནི་ཀྲུང་གོ-སོ་ཏི་ཨ་རབ་ཀྱི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་གཙོ་སྐྱོང་གནང་བ་དང་སོ་ཏི་ཨ་རབ་ལ་འཚམས་འདྲི་གནང་ཚར་རྗེས་ཨ་པུའུ་ཀྲ་པི་ལ་འབྱོར་བ་རེད། རི་ཡ་ཏེ་ནས་ཁ་གྱེས་སྐབས་རི་ཡ་ཏེ་ཞིང་ཆེན་གྱི་མགོ་གཙོ་གཞོན་པ་མའོ་ཧན་མའོ་ཏི་དང་སོ་ཏི་ཨ་རབ་ཀྱི་ཚོང་དོན་བློན་ཆེན་ཁཱ་སི་པི། སོ་ཏི་ཨ་རབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲང་ཧྭ་སོགས་གནམ་གྲུ་ཐང་དུ་སྐྱེལ་མ་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号