མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས79པ་འཚོགས་མགོ་བརྩམས་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས79པ་ཚེས10ཉིན་གྱི་ཕྱི་དྲོར་ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་ཚོགས་མགོ་བརྩམས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས79པའི་ཀྲུའུ་ཞི་ཧྥེ་ལེ་མོང·དབྱང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་བསྣན་ནས་གནམ་གཤིས་འགྱུར་ལྡོག་དང་འགལ་འདུ་རིམ་འཕར། རྒྱུན་མཐུད་འཕེལ་རྒྱས་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་རབ་དང་རིམ་པར་ཁ་གཏད་གཅོག་རྒྱུའི་རེ་སྐུལ་བྱས།

ཧྥེ་ལེ་མོང·དབྱང་གིས་མགོ་རྩོམ་མཛད་སྒོ་སྟེང་ཤིས་ཚིག་ཕུལ་སྐབས། ཞི་བདེ་དང་བདེ་འཇགས་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧུར་ཐག་སྒོས་ས་ཁུལ་བར་གྱི་འགལ་འདུ་ཐག་གཅོད་བྱེད་དགོས་ལ། "ང་ཚོས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་གཏོང་དགོས་པ་མ་ཟད། འཛམ་གླིང་གི་ཁྱབ་ཁོངས་ནང་ཕན་ཚུན་ཡིད་ཆེས་ལྡན་པར་བྱེད་དགོས།"ཁོང་གིས་དེ་དང་ཆབས་ཅིག་གསར་གཏོད་དང་ལྗང་མདོག་དཔལ་འབྱོར་ལ་བརྟེན་ནས་དྲང་གཞག་གི་དཔལ་འབྱོར་འཕར་བར་སྐུལ་འདེད་བཏང་སྟེ"རྒྱལ་ཁབ་ཆེ་མ་ཆུང་གསུམ་གང་ཡིན་ཡང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ཡིས་ཤིས་ཚིག་ནང་། མིག་སྔར་གོ་ལ་ཧྲིལ་པོའི་དུས་བབ་ཛ་དྲག་ཡིན་པས་དབུལ་པོ་ཉུང་གཏོང་དང་འདྲ་མཉམ་ཡོང་བ། གནམ་གཤིས་ཀྱི་ཉམས་ཉེན་སེལ་བ་སོགས་ཁྱབ་ཁོངས་ཁག་ལ་ཞིབ་ཕྲའི་ཐག་གཅོད་ཇུས་གཞི་སྤྱོད་དགོས་ཞེས་ནན་གྱིས་བཤད། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ནི་ཕྱོགས་མང་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་ས་ཞིག་ཡིན་སྟབས་མིའི་རིགས་ལ་འཕྲད་པའི་འགྲན་སློང་ལ་ཁ་གཏད་གཅོད་དགོས་ཚེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནི་སྔར་བཞིན་མེད་དུ་མི་རུང་བའི་ལག་ཆ་ཞིག་རེད་ཅེས་བཤད།

ཉིན་དེའི་སྔ་དྲོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས78པ་མཇུག་འགྲིལ་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས78པའི་ཀྲུའུ་ཞི་ཧྥུའུ་ལང་ཞི་སི་ཡིས་ཤིས་ཚིག་ཕུལ། ཁ་མེ་རོང་གི་ཙུང་ལི་ཟུར་པ་ཧྥེ་ལེ་མོང·དབྱང་སྐབས་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་འགན་བཞེས་དམ་བཅའ་བཞག་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཞིབ་དང་ལྟ་སྐུལ། ཞིབ་བཤེར་བཅས་བྱེད་པའི་སྒྲིག་གཞི་གཙོ་བོ་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཀྱིས་གྲུབ་ཡོད། ཚོགས་ཆེན་དེ་ལོ་རེའི་ཟླ9པ་ནས་ཟླ12པའི་བར་འཚོགས་ཀྱི་ཡོད། རྒྱུན་ལས་ཚོགས་འདུ་ལ་རྒྱུན་པར་དུས་རིམ་གཉིས་སུ་དབྱེ་སྟེ། དུས་རིམ་སྔོན་མ་ནི་སྤྱིར་བཏང་གི་རྩོད་གླེང་དུས་རིམ་དང་དུས་རིམ་རྗེས་མ་ནི་ཚོགས་ཆེན་གྱི་གྲོས་ཞིབ་དེ་གྲོས་རིམ་ནང་བཅུག་པའི་གྲོས་གཞི་ཁག་གི་དུས་རིམ་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号