ཀྲུང་གོ་དང་ཨ་རི་བར་གྱི"དུས་རབས21པའི་ལོ་རབས20པར་གནམ་གཤིས་འགུལ་སྐྱོད་ལ་ཤུགས་སྣོན་པའི་ལས་དོན་ཚོགས་ཆུང"གི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་བསྡུས་པ།

སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཚེས8ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཟླ9པའི་ཚེས4ཉིན་ནས་ཚེས6ཉིན་བར། ཀྲུང་གོ་དང་ཨ་རི་བར་གྱི"དུས་རབས21པའི་ལོ་རབས20པར་གནམ་གཤིས་འགུལ་སྐྱོད་ལ་ཤུགས་སྣོན་པའི་ལས་དོན་ཚོགས་ཆུང"གི་གྲོས་ཚོགས་ཐེངས་གཉིས་པ་ཀྲུང་གོའི་པེ་ཅིན་དུ་བསྡུས། 

ཐེངས་འདིའི་ཚོགས་འདུར་ཀྲུང་གོའི་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་ཆེད་བསྐོས་ཕོ་ཉ་ལིག་ཀྲིན་མིང་དང་ཨ་རིའི་ཙུང་ཐུང་རྒྱལ་སྤྱིའི་གནམ་གཤིས་སྲིད་ཇུས་གྱི་མཐོ་རིམ་བློ་འདྲི་ས་ཡའོ་ཧན·པའོ་ཏི་སི་ཐ་རྣམ་གཉིས་ཀྱིས་མགོ་འཛིན་གནང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་གནམ་གཤིས་ཉམས་ཉེས་ཐད། རང་རང་སོ་སོས2030ལོར་རྒྱལ་ཁབ་ཀྱིས་རང་བརྟེན་ལེགས་སྐྱེས(NDC)ལག་བསྟར་དང2035ལོར་རང་རང་སོ་སོའིNDCགྲ་སྒྲིག་བྱེད་དགོས་པ་སོགས་ཀྱི་ཐད་ལ་བགྲོ་གླེང་མཛད།

ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་རི་བར་གྱི"དུས་རབས21པའི་ལོ་རབས20པར་གནམ་གཤིས་འགུལ་སྐྱོད་ལ་ཤུགས་སྣོན་པའི་ལས་དོན་ཚོགས་ཆུང"འོག་ལག་རྩལ་དང་སྲིད་ཇུས་ཐད་གླེང་མོལ་གནང་ཞིང་། ནུས་ཁུངས་བསྒྱུར་སྤོ་དང་ཅ་ཝན། འཁོར་སྐྱོད་དཔལ་འབྱོར། ཐོན་ཁུངས་བེད་སྤྱོད། ཐཱན་ཉུང་རྒྱུན་སྐྱོང་གི་ཞིང་ཆེན ཁུལ། གྲོང་ཁྱེར་བཅས་ཀྱི་ཆེད་དོན་ཚོ་ཆུང་བཞི་བར་གྱི་འབྲེལ་ཡོད་བརྗེ་རེས་སོགས་འདུས་པ་མ་ཟད། མུ་མཐུད་དུ་བརྗེ་རེས་བྱེད་པར་རེ་སྒུག་བྱས་ཡོད། 

ཕྱོགས་གཉིས་ཀྱིས《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》ཐེངས་ཉེར་དགུ་བའི་མགོ་རྩོམ་ཚོགས་ཆེན(COP29)སྐབསCOP29ཀྲུའུ་ཞི་རྒྱལ་ཁབ་ཨ་སའེ་པའེ་ཅིང་དང་མཉམ་དུ"ཅ་ཝན་དང་དབྱང་གཉིས་ཐཱན་འགྱུར་མ་ཡིན་པའི་དྲོད་ཁང་རླངས་གཟུགས་ཀྱི་རྩེ་ཚོགས"མཉམ་སྒྲུབ་བྱ་རྒྱུའི་བསྐྱར་བསྒྲགས་བྱས།

ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་གླེང་མོལ་ལ་ཤུགས་སྣོན་དང་མཐུན་སྦྱོར་ལ་འབད་བརྩོན་བྱས་ཏེ། ཕྱོགས་སོ་སོ་དང་མཉམ་དུ་ཀྲུའུ་ཞི་རྒྱལ་ཁབ་ཨ་སའེ་པའེ་ཅང་གིསCOP29ལ་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ལ། དེའི་ནང་མཉམ་སྡེབ་གསར་པའི་ཚད་ལེན་དམིགས་ཚད་དང《པ་ལའི་གྲོས་ཆོད》ཀྱི་དོན་ཚན་དྲུག་པའི་གྲུབ་འབྲས་སོགས་ཚུད་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号