ཕིན་ལིས་ཡོན་གྱིས་ཁོང་ཀོ་པུའུ་ཡི་ཙུང་ཐུང་གི་ལྕམ་མོ་ཨན་ཐའོ་ཝ་ནེ་ཐི་ལ་ཇ་ཞོར་གླེང་མོལ་བྱས།

ཟླ9པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་གྱིས་པེ་ཅིང་དུ། ཁོང་ཀོ་པུའུ་ཡི་ཙུང་ཐུང་གི་ལྕམ་མོ་ཨན་ཐའོ་ཝ་ནེ་ཐི་ལ་ཇ་ཞོར་གླེང་མོལ་བྱས།

ཕིན་ལིས་ཡོན་གྱིས་ལྕམ་མོ་ཨན་ཐའོ་ཝ་ནེ་ཐི་ཡིས་ཙུང་ཐུང་སཱ་སུའུ་ཡི་ཕེབས་རོགས་ཞུས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་མ་ཟད། ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པར་དགའ་བསུ་ཞུས་པ་དང་། ཁོ་མོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕེབས་རོགས་ཞུས་ཏེ། ཁོང་ཀོ་པུའུ་རུ་འཚམས་འདྲི་གནང་སྐབས་ཀྱི་བརྗེད་པར་དཀའ་བའི་ལོ་རྒྱུས་ལ་ཕྱིར་དྲན་ཡང་བྱས།  ཨན་ཐའོ་ཝ་ནེ་ཐི་ཡིས་དུས་ཡུན་རིང་པོའི་ནང་། ཨ་ཧྥེ་རི་ཁ་གླིང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རྩེ་གཅིག་གཞོལ་བར་བསྟོད་བསྔགས་བྱས་ལ། ཀྲུང་གོ་དང་ཁོང་ཀོ་པུའུ་ཡི་མི་དམངས་ཚང་མ་ཁྱིམ་ཚང་གཅིག་ལྟར་བརྩེ་ལ་སོ་སྲུང་རོགས་རེས་ཀྱང་བྱེད་ངེས་ཡིན།  ཕྱོགས་གཉིས་ཀས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་ལྟོས་ཆེ་ཞེས་བསྟན།

ཨན་ཐའོ་ཝ་ནེ་ཐི་ཡིས་ཀྲུང་གོ་ཕྱོགས་དང་ལྷག་པར་དུ་ཕིན་ལིས་ཡོན་གྱིས་ སྔར་ནས་བཟུང་ཨ་ཧྥེ་རི་ཁ་གླིང་ལ་མི་དམངས་ཀྱི་འཕྲོད་བསྟེན་བདེ་ཐང་དང་བུད་མེད། བྱིས་པའི་བྱ་གཞག་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྒྱབ་སྐྱོར་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ། འཕྲོད་བསྟེན་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བསྟན།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号