ཏེན་ཞུའེ་ཞང་གིས་མོ་རི་ཐིའུ་སིའི་ཙུང་ཐུང་གཞོན་པར་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས6ཉིན་པེ་ཅིང་ནས་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མོ་རི་ཐིའུ་སི་ཡི་ཙུང་ཐུང་གཞོན་པ་པོ་སའེ་རིན་ལ་མཇལ་འཕྲད་གནང་།

ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་མོ་རི་ཐིའུ་སིའི་སྲོལ་རྒྱུན་མཛའ་བརྩེ་ཡི་རྒྱུན་རིང་བ་དང་། ཁྱབ་ཁོངས་སོ་ོསོའི་མཉམ་ལས་ཉིན་རེ་བཞིན་ཟབ་སྒྱུར་བྱས་ལ། རྒྱལ་ཁབ་ཆེ་ཆུང་གི་འབྲེལ་བ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་བསྐྲུན། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་གསར་པ་ཡིན། ཀྲུང་གོས་མོ་རི་ཐིའུ་སི་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ལྟ་བ་དང་ཐེངས་འདིའི་རྩེ་ཚོགས་ཀྱི་གྲུབ་འབྲས་ལག་བསྟར་བཟང་བོ་བྱེད་པ་དང་། མཛའ་མཐུན་རྒྱུན་འཛིན་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པ། གཉིས་ཕན་མཉམ་ལས་རྒྱུན་མ་ཆད་པར་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་རྒྱུན་མཐུད་ངང་ཇེ་མཐོར་གཏོང་འདོད་ཡོད།

པོ་སའེ་རིན་གྱིས་བསྟན་དོན། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་རྒྱལ་ཁའི་ངང་བསྡུས་པ་དེས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་ལེའུ་གསར་པ་བྲིས་པ་དང་། ཐེངས་འདིའི་རྩེ་ཚོགས་དང་མོ་རི་ཐིའུ་སི་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་བརྗེ་རེས་དང་དངོས་གཉེར་མཉམ་ལས་རྒྱུན་མ་ཆད་པར་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་འདོད་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号