ཨ་རིའི་ཙའོ་ཀྲི་ཡ་མངའ་སྡེའི་སློབ་གྲྭ་ཞིག་ཏུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི4ཚེ་ལས་འདས་པ་དང་མི9ལ་རྨས་ཕོག

པར་འདི་ནི་ཟླ9པའི་ཚེས4ཉིན་ཨ་རིའི་ཙའོ་ཀྲི་ཡ་མངའ་སྡེ་པ་ལའོ་རྫོང་གི་ཝུན་ཏི་གྲོང་ཁྱེར་དུ་ཉེན་རྟོག་པས་དོན་རྐྱེན་བྱུང་སའི་ཨ་པ་ལ་ཆི་མཐོ་འབྲིང་གི་ཕྱི་རོལ་དུ་ལས་དོན་སྒྲུབ་བཞིན་པའི་རྣམ་པ་རེད། 

ཟླ9པའི་ཚེས4ཉིན། ཨ་རིའི་ཙའོ་ཀྲི་ཡ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས། མངའ་སྡེ་དེའི་པ་ལའོ་རྫོང་གི་མཐོ་འབྲིང་ཞིག་ཏུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་བ་ལས་མི4ཚེ་ལས་འདས་པ་དང་མི9ལ་རྨས་ཕོག ཉེན་རྟོག་ཕྱོགས་ཀྱིས་དོག་ཡོད་མི་སྣ་ཞིག་འཛིན་བཟུང་བྱས་ཟིན་ལ། སློབ་གྲྭ་དེའི་ལོ14ཅན་གྱི་སློབ་མ་ཞིག་ཡིན་པར་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号