ཨུ་རུ་སུ་དཀར་པོའི་ཙུང་ཐུང་གིས་ཨུ་རུ་སུ་དཀར་པོས་ཀྲུང་གོ་དང་མཉམ་དུ་ས་གནས་འཕེལ་རྒྱས་གཏོང་བར་མཉམ་ལས་བྱེད་འདོད་ཡོད་ཅེས་བསྟན།

ཟླ9པའི་ཚེས5ཉིན། ཨུ་རུ་སུ་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁེ་ཡིས། ཨུ་རུ་སུ་དཀར་པོས་ཀྲུང་གོ་དང་མཉམ་དུ་ས་གནས་འཕེལ་རྒྱས་གཏོང་བར་མཉམ་ལས་བྱེད་འདོད་ཡོད་ཚུལ་བསྟན། 

ལུའུ་ཁ་ཧྲིན་ཁེ་ཡིས་ཨུ་རུ་སུ་དཀར་པོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞའེ་ཞའོ་ཡུང་ལ་ཐུག་འཕྲད་གནང་སྐབས་དེ་ལྟར་བཤད་པ་རེད། ལུའུ་ཁ་ཧྲིན་ཁེ་ཡིས། ས་གནས་མཉམ་ལས་ལ་ཨུ་རུ་སུ་དཀར་པོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་མི་སྣའི་སྐུལ་འདེད་འོག་འཕེལ་རྒྱས་ཡག་པོ་བྱུང་ཡོད། ཀྲུང་གོའི་ས་ཁུལ་ཁ་ཤས་ཀྱི་མི་གྲངས་དང་དཔལ་འབྱོར་རྒྱལ་ཁབ་གཞན་པ་སྐོར་ཞིག་ལས་བརྒལ་ཡོད་སྟབས། ཨུ་རུ་སུ་དཀར་པོས་ཀྲུང་གོའི་ས་གནས་ཁག་བར་མཉམ་ལས་དམ་ཟབ་བྱ་རྒྱུ་ཡིན་ཞེས་བསྟན། 

ལུའུ་ཁ་ཧྲིན་ཁེ་ཡིས། ཀྲུང་གོས་ཨུ་རུ་སུ་དཀར་པོ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ནང་ཞུགས་རྒྱུ་དང་། ཨུ་རུ་སུ་དཀར་པོ་དང་གསེར་གྱོམ་རྒྱལ་ཁབ་བར་གྱི་མཉམ་ལས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号