ཨུ་རུ་སུས་ཡུག་རེན་ལ་ཕར་རྒོལ་བྱ་རྒྱུའི་ཐད་བཤད་དོན།  

ས་གནས་དེ་གའི་དུས་ཚོད་ཟླ9པའི་ཚེས4ཉིན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུ་ཡིས། ཨུ་རུ་སུའི་དམག་ཕྱོགས་ཀྱིས་དགོས་མཁོར་གཞིགས་ནས་དགུན་དུས་ཡུག་རེན་གྱི་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་ལ་རྡུང་རྡེག་གཏོང་མིན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

གཞན་ཡང་། ཨུ་རུ་སུའི་ནུས་ཁུངས་པུའུ་ཀྲང་གིས་ཉིན་དེར་ཨུ་རུ་སུས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཁུར་སི་ཁེའི་ཉིང་རྡུལ་གློག་ཁང་དང་། ཀྲ་པོ་ལོའི་རེ་ཉིང་རྡུལ་གློག་ཁང་ལ་ཕྱི་རོལ་གྱི་ཤུགས་རྐྱེན་ཐེབས་སྐབས་བརྟན་ལྷིང་རང་བཞིན་ཆེ་རུ་གཏོང་བཞིན་ཡོད་ཅེས་བཤད་པ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号