ཨེ་ཅིབ་རྒྱལ་སྤྱིའི་གནམ་གྲུ་འགྲེམ་སྟོན་སྐབས་དང་པོ་འཚོགས་མགོ་བརྩམས་པ།

པར་འདི་ནི་ཟླ9པའི་ཚེས3ཉིན་ལྟད་མོ་བས་ཨེ་ཅིབ་ཨ་ལ་མན་དུ་བསྡུས་པའི་ཨེ་ཅིབ་རྒྱལ་སྤྱིའི་གནམ་གྲུ་འགྲེམ་སྟོན་སྐབས་དང་པོ་སྟེང་ལྟད་མོ་ལྟ་བཞིན་བཞིན་པའི་ཚུལ་རེད།

ཨེ་ཅིབ་རྒྱལ་སྤྱིའི་གནམ་གྲུ་འགྲེམ་སྟོན་སྐབས་དང་པོ་དེ་ཚེས3ཉིན་ཏི་ཀྲུང་ཧའེ་ལྷོ་འགྲམ་གྱི་ཨེ་ཅིབ་ཀྱི་མཚོ་འགྲམ་གྲོང་ཁྱེར་ཨ་ལ་མན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་སྤེལ་མགོ་བརྩམས་ཤིང་། ཨེ་ཅིབ་ཙུང་ཐུང་སའེ་ཞི་ཐེངས་འདིའི་འགྲེམ་སྟོན་གྱི་མགོ་རྩོམ་མཛད་སྒོར་ཞུགས། 

པར་འདི་ནི་ཟླ9པའི་ཚེས3ཉིན་ཨེ་ཅིབ་ཨ་ལ་མན་དུ་པར་བླངས་པའི་ཨེ་ཅིབ་རྒྱལ་སྤྱིའི་གནམ་གྲུ་འགྲེམ་སྟོན་སྐབས་དང་པོ་སྟེང་གི་འགྲེམ་ཞུགས་གནམ་གྲུ་རེད།

གཙོ་སྒྲུབ་པས་ངོ་སྤྲོད་གནང་བ་ལྟར་ན། སྐབས་འདིའི་གནམ་གྲུ་འགྲེམ་སྟོན་གྱི་འཚོགས་ཡུན་ཉིན3ཡིན་ལ། དེས་ཧྥེ་གླིང་དང་ཨེ་ཤེ་ཡ་ཤར་མའི་ས་ཁུལ་གྱི་རྒྱལ་སྲུང་དང་། འཇིག་རྟེན་འཕུར་སྐྱོད་དང་ཚོང་སྤྱོད་མཁའ་འགྲུལ་ཁྱབ་ཁོངས་མགྱོགས་མྱུར་སྒོས་བཟོ་ལས་ཅན་དང་གྲངས་ཀ་ཅན། འཛམ་གླིང་ཅན་དུ་གཏོང་ཞིང་། གོ་ལ་ཧྲིལ་བོའི་རྒྱལ་ཁབ་དང་ས་ཁུལ100ལྷག་གི་འཇིག་རྟེན་འཕུར་སྐྱོད་དང་མཁའ་འགྲུལ་ཁྱབ་ཁོངས་ཀྱི་ཁེ་ལས་དང་ལས་ཁུངས། འབྲེལ་ཡོད་སྡེ་ཁག་བཅས་འགྲེམ་སྟོན་ནང་ཞུགས་པ་རེད། འགྲེམ་སྟོན་སྐབས། གནམ་གྲུ་འཕུར་སྐྱོད་ཀྱི་འཁྲབ་སྟོན་ལས་གཞན། རྒྱལ་སྲུང་དང་འཇིག་རྟེན་འཕུར་གྲུ། ཚོང་སྤྱོད་མཁའ་འགྲུལ་བཅས་ཁྱབ་ཁོངས་ཀྱི་གསར་གཏོད་ཐོན་རྫས་དང་ཞབས་ཕྱི་མངོན་མཚོན་བྱས་ཡོད་པ་རེད། 

པར་འདི་ནི་ཟླ9པའི་ཚེས3ཉིན་ལྟད་མོ་བས་ཨེ་ཅིབ་ཨ་ལ་མན་དུ་བསྡུས་པའི་ཨེ་ཅིབ་རྒྱལ་སྤྱིའི་གནམ་གྲུ་འགྲེམ་སྟོན་སྐབས་དང་པོ་སྟེང་ལྟད་མོ་ལྟ་བཞིན་བཞིན་པའི་ཚུལ་རེད།

ཚེས3ཉིན་གྱི་སྔ་དྲོར། ཀྲུང་གོའི་མཁའ་དམག་གི་ཡུན-20རྟགས་ཅན་དང་ཨེ་ཅིབ་ཀྱི"དབྱིན་ཞིན"འཕུར་སྐྱོད་ཀྱི་འཁྲབ་སྟོན་རུ་ཁག ཧྥ་རན་སེའི"ཀྲིན་ཧྥུན"རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སོགས་འཕུར་སྐྱོད་འཁྲབ་སྟོན་བྱས།

པར་འདི་ནི་ཟླ9པའི་ཚེས3ཉིན་ལྟད་མོ་བས་ཨེ་ཅིབ་ཨ་ལ་མན་དུ་བསྡུས་པའི་ཨེ་ཅིབ་རྒྱལ་སྤྱིའི་གནམ་གྲུ་འགྲེམ་སྟོན་སྐབས་དང་པོ་སྟེང་ལྟད་མོ་ལྟ་བཞིན་བཞིན་པའི་ཚུལ་རེད།

ཀྲུང་གོའི་འཕུར་གྲུ་ཕྱི་གཏོང་ནང་འདྲེན་ཚད་ཡོད་ཀུང་སི་དང་ཀྲུང་གོའི་འཕྲུལ་ཆས་ཞིབ་ཚགས་ཅན་ཕྱི་གཏོང་ནང་འདྲེན་ཚད་ཡོད་ཀུང་སི། འཕུར་གྲུ་རྒྱང་སྐྱོད་རྒྱལ་སྤྱིའི་ཉོ་ཚོང་ཚད་ཡོད་ཀུང་སི། ཀྲུང་གོའི་བྱང་ཕྱོགས་བཟོ་ལས་ཚད་ཡོད་ཀུང་སི། ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སི་སོགས་ཐེངས་འདིའི་འགྲེམ་སྟོན་ནང་ཞུགས། 

པར་འདི་ནི་ཟླ9པའི་ཚེས3ཉིན་ལྟད་མོ་བས་ཨེ་ཅིབ་ཨ་ལ་མན་དུ་བསྡུས་པའི་ཨེ་ཅིབ་རྒྱལ་སྤྱིའི་གནམ་གྲུ་འགྲེམ་སྟོན་སྐབས་དང་པོ་སྟེང་ལྟད་མོ་ལྟ་བཞིན་བཞིན་པའི་ཚུལ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号