ཕ་ཁུ་སི་ཐན་དུ་དུས་ཚིགས་རང་བཞིན་གྱི་དྲག་ཆར་བབས་པ་ལས་ཉུང་མཐར་ཡང་རྒྱལ་ཁབ་དེའི་མི293ཚེ་ལས་འདས་པ།

ཟླ9པའི་ཚེས2ཉིན། ཕ་ཁུ་སི་ཐན་རྒྱལ་ཁབ་གནོད་ཐེབས་དོ་དམ་ཅུའུ་ཡིས་བསྒྲགས་པའི་སྙན་ཞུ་ནང་། ད་ལོའི་ཟླ7པའི་ཚེས1ཉིན་ནས་ཟླ8པའི་ཚེས31ཉིན་བར་གྱི་ཟླ་ངོ་གཉིས་རིང་། དུས་ཚིགས་རང་བཞིན་གྱི་དྲག་ཆར་བབས་པ་ལས་ཉུང་མཐར་ཡང་རྒྱལ་ཁབ་དེའི་མི293ཚེ་ལས་འདས་པ་དང་མི564ལ་རྨས་སྐྱོན་བཟོས་ཡོད་པར་བཤད། 

སྙན་ཞུ་ནང་། རྒྱལ་ཁབ་དེའི་ཤར་རྒྱུད་ཀྱི་ཕང་ཀྲེ་ཕུའུ་ཞིང་ཆེན་དང་ནུབ་བྱང་རྒྱུད་ཀྱི་ཁའེ་པའོ་ཨར-ཕུའུ་ཧྲི་ཐུའུ་ཞིང་ཆེན་གཉིས་ནི་གནོད་ཐེབས་ཆེས་ཚབས་ཆེན་ཡིན་པའི་ས་ཁུལ་ཡིན་ལ། དུས་ཚིགས་རང་བཞིན་གྱི་དྲག་ཆར་ལས་ཞིང་ཆེན་དེ་གཉིས་ཀྱི་མི112དང་མི88ཚེ་ལས་འདས་པ་རེད། ཕ་ཁུ་སི་ཐན་རྒྱལ་ཡོངས་སུ་ཉུང་མཐར་ཡང་སྡོད་ཁང་ཁང་མིག19572དང་ཟམ་པ39། གཞུང་ལམ་སྤྱི་ལེ119ལྷག་ལ་གནོད་འཚེ་ཐེབས་པར་བཤད། 

མིག་སྔར། ཕ་ཁུ་སི་ཐན་སྲིད་གཞུང་གིས་རྒྱལ་ཡོངས་སུ་གནས་སྐབས་ཀྱི་སྨན་བཅོས་བྱེད་ས་དང་རོགས་སྐྱོར་བྱེད་ས310ལྷག་བཙུགས་པ་དང་། གནོད་ཐེབས་མང་ཚོགས9625བཀོད་སྒྲིག་བྱས་པ་མ་ཟད། རྒྱལ་ཡོངས་སུ་རས་གུར་སོགས་རོགས་སྐྱོབ་བཀོད་འདོམས་དངོས་རྫས་ཁྲི་བཅུ་ལྷག་མར་བཀྲམ་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号