དབྱིན་ཇིས་དབྱི་སི་རལ་ལ་མཚོན་ཆ་རིགས30འདོན་སྤྲོད་བྱེད་པའི་ཆོག་འཐུས་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་ཚུལ་བསྟན།

ཟླ9པའི་ཚེས2ཉིན། དབྱིན་ཇི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ལཱ་སྨི་ཡིས། དབྱིན་ཇིས་དབྱི་སི་རལ་ལ་མཚོན་ཆ་རིགས30འདོན་སྤྲོད་བྱེད་པའི་ཆོག་འཐུས་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་ཚུལ་བསྟན། 

ཉིན་དེར་ལཱ་སྨི་ཡིས་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་ནང་དབྱིན་ཇིས་དབྱི་སི་རལ་ལ་མཚོན་ཆ་ཕྱིར་གཏོང་གི་ཆོག་འཐུས་སྲིད་ཇུས་ཐད་གསུང་བཤད་གནང་སྐབས། དབྱིན་ཇིས་དཔྱད་མོལ་ཚོད་དཔག་བྱས་པ་ལྟར་ན། དབྱི་སི་རལ་ལ་དམག་དོན་ཐོན་རྫས་ཁག་གཅིག་ཕྱིར་གཏོང་བྱེད་པར་ཉེན་ཁ་མངོན་གསལ་ལྡན་པ་དང་དེས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ལག་བསྟར་བྱེད་པའམ་ཡང་ན་གཞོགས་འདེགས་བྱེད་ཀྱི་ཡོད་པར་འདོད། དབྱིན་ཇིས་དབྱི་སི་རལ་ཕྱོགས་ལ་མཚོན་ཆ་ཕྱིར་གཏོང་བྱེད་པའི་ཆོག་འཐུས་ལག་ཁྱེར350ཁྲོད་རིགས30གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་ལ། དེའི་ནང་འཐབ་འཛིང་གནམ་གྲུ་དང་ཐད་འཕུར་གནམ་གྲུ། མི་མེད་གནམ་གྲུ་སོགས་དམག་སྤྱོད་གནམ་གྲུའི་ལྷུ་ལག་སོགས་ཚུད་ཡོད་པར་བཤད། 

ལཱ་སྨི་ཡིས་བཤད་རྒྱུར། གྲོས་ཆོད་འདིས་དབྱི་སི་རལ་གྱི་བདེ་འཇགས་ཐོན་སྐྱེད་ཐད་དངོས་དོན་རང་བཞིན་གྱི་ཤུགས་རྐྱེན་ཐེབས་མི་སྲིད་ལ། དབྱིན་ཇིས་མུ་མཐུད་དུ་དབྱི་སི་རལ་ལ་རྒྱལ་སྤྱིའི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་རང་སྲུང་དབང་ཆ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། 

དབྱི་སི་རལ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཁཱ་ཚི་ཡིས་ཉིན་དེའི་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། དབྱི་སི་རལ་གྱི་དབྱིན་ཇིའི་སྲིད་གཞུང་གིས་བཏོན་པའི་གྲོས་ཆོད་མཐའ་དག་ལ"རེ་ཐག་ཆད་ཡོད"ཚུལ་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号