ཨེ་ཅིབ་ཙུང་ཐུང་གིས་ཕྱོགས་སོ་སོར་ཚད་མཐོའི་བཟོད་སྒོམ་གནང་དགོས་ཚུལ་བསྟན།

ཨེ་ཅིབ་རྒྱལ་ཁབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་ཚེས5ཉིན་འཚམ་འདྲིར་ཕེབས་པའི་ཐུ་ཁེར་གྱི་ཕྱི་འབྲེལ་པུའུ་ཀྲང་ཧྥའེ་ཏན་ལ་ཐུག་འཕྲད་གནང་སྐབས།"ཨེ་ཤེ་ཡ་དབུས་རྒྱུད་ནི་ཧ་ཅང་ཉམས་ཆུང་ཞིང་ཉེན་ཁའི་གནས་སུ་གྱར་ཡོད་པས་མཐོ་ཚད་ནས་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་དང་བློ་རིག་ལྡན་པའི་སྒོ་ནས་གནད་དོན་ལ་ཐག་གཅོད་བྱ་དགོས"ཞེས་བསྟན། 

ཨེ་ཅིབ་ཙུང་ཐུང་གཞིས་ཤག་གིས་གསལ་བསྒྲགས་སྤེལ་བར་སའེ་ཞི་ཡིས། ཛ་དྲག་གི་གནས་བབ་མུ་མཐུད་དུ་རིམ་འཕར་བྱེད་པར་འབྲེལ་ཡོད་ཕྱོགས་སོ་སོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས་པ་དང་། ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མྱུར་དུ་མཚམས་འཇོག་པར་སྐུལ་འདེད་གཏོང་དགོས་པ་མ་ཟད། ཆབ་སྲིད་དང་ཕྱི་འབྲེལ་གྱི་བྱེད་ཐབས་བཀོལ་ནས་ཐག་གཅོད་བྱེད་དགོས་ཚུལ་བསྟན། ཨེ་ཅིབ་ཀྱིས་ཡང་ནས་བསྐྱར་དུ་དམག་འཁྲུག་གི་ཁྱབ་ཁོངས་རྒྱ་བསྐྱེད་དེ་ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞི་བདེ་དང་བདེ་འཇགས་ལ་གནོད་འཚེ་ཐེབས་སྲིད་ཅེས་ཉེན་བརྡ་བཏང་།

གསལ་བསྒྲགས་ནང་། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་ཛ་དྲག་རང་བཞིན་ནན་བཤད་བྱས་པ་མ་ཟད། དབྱི་སི་རལ་གྱིས་གནས་བབ་རིམ་སྤོ་བྱེད་པའི་སྲིད་ཇུས་ལ་རྒོལ་གཏམ་བཏང་། ཕྱོགས་གཉིས་ཀྱིས་ད་དུང་གྲོས་མོལ་ཁྲོད"རྒྱལ་ཁབ་གཉིས་ཀྱི་ཇུས་གཞི"ཡི་རྨང་གཞི་སྟེང་ཕ་ལེ་སི་ཐན་གྱི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུའི་གཏན་འཁེལ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号