དབྱི་རག་ནུབ་ཕྱོགས་སུ་ཡོད་པའི་ཨ་རིའི་མཁའ་དམག་རྟེན་གཞི་ཞིག་ལ་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པ།
ཟླ8པའི་ཚེས5ཉིན། དབྱི་རག་དམག་ཕྱོགས་ཀྱི་རྒྱུས་ཡོད་མི་སྣས། རྒྱལ་ཁབ་དེའི་ནུབ་ཕྱོགས་ཏེ་ཨན་པ་ཨར་ཞིང་ཆེན་གྱི་ཨ་མེ་རི་ཁའི་དམག་དཔུང་བསྡད་ཡོད་སའི་ཨ་སའེ་ཏི་མཁའ་དམག་རྟེན་གཞི་ལ་ཉིན་དེའི་དགོང་མོར་མེ་ཤུགས་འཕུར་མདའ4ཡི་འཇབ་རྒོལ་ཐེབས་མོད། ཤི་རྨས་ཅི་ཡང་ཐེབས་མེད་པར་བཤད།
ཨན་པ་ཨར་ཞིང་ཆེན་བཀོད་འདོམས་པུའུ་ཡི་དཔོན་རིགས་ས་ཨ་ཏི·ཨའོ་པའེ་ཏི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཐོ་ཐང་མི་གསལ་བའི་དྲག་ཆས་རྩ་འཛུགས་ཀྱིས་ཚེས5ཉིན་གྱི་དགོང་མོར་ཨ་སའེ་ཏི་མཁའ་དམག་རྟེན་གཞི་ལ་མེ་ཤུགས་འཕུར་མདའ4བཏང་ཞིང་། དེའི་ཁྲོད་ཀྱི2ལ་བར་སྣང་བཀག་འགོག་མ་ལག་གིས་ཚོད་འཛིན་ཐེབས་ཤིང་། གཞན2རྟེན་གཞི་ས་ཁུལ་གྱི་ཕྱི་རོལ་ཏུ་བབས་པར་བཤད། དབྱི་རག་བདེ་འཇགས་དམག་དཔུང་གིས་རྟེན་གཞི་ཉེ་འགྲམ་ས་ཁུལ་དུ་ཐེངས་འདིའི་ལས་འགུལ་གྱི་རྒྱུས་ཡོད་མི་སྣ་འཚོལ་བཞིན་ཡོད།
མིག་སྔར་རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་བཤད་མེད།
ཨ་ས་ཏེའི་མཁའ་དམག་རྟེན་གཞི་ནི་དབྱི་རག་གི་མཁའ་དམག་རྟེན་གཞི་ཆེ་གྲས་གཉིས་པ་དེ་ཡིན་ལ། དབྱི་རག་ནུབ་རྒྱུད་ཀྱི་ཨན་པ་ཨར་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་མ་ཏི་ནུབ་རྒྱུད་ཀྱི་སྤྱི་ལེ110ལྷག་གི་སར་ཡོད་པའི་པ་ཀེ་ཏ་ཏི་གྲོང་རྡལ་གྱི་ཉེ་འགྲམ་དུ་གནས་ཡོད། མིག་སྔར་དམག་དོན་བློ་འདྲི་བ་དང་གསང་འཕྲིན། མྱུལ་ཞིབ། སྦྱོང་བརྡར་བཅས་ཀྱི་ལས་ཀ་སྒྲུབ་པའི་ཕྱི་རྒྱལ་གྱི་དམག་མི་ཉུང་ཤས་ཤིག་ཨ་ས་ཏེའི་མཁའ་དམག་རྟེན་གཞི་རུ་བཅའ་སྡོད་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注