ཨ་རིའི་སྨྱན་བྱད་ཀྱིས་ཧ་ལི་སི་ཡིས་ཨའོ་ཨར་ཚི་ལ་འགྲན་འདེམས་རོགས་ཟླ་རུ་འདེམས་པར་བཤད།

ཟླ8པའི་ཚེས6ཉིན། ཨ་རིའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དམངས་གཙོ་ཏང་གི་ཙུང་ཐུང་འོས་མའི་མིང་ཐོ་ནང་བཞག་པའི་ཨ་རིའི་ཙུང་ཐུང་གཞོན་པ་ཧ་ལི་སི་ཡིས་མིང་ཉ་སུའུ་ཏ་མངའ་སྡེའི་མགོ་དཔོན་ཨའོ་ཨར་ཚི་ལ་འགྲན་འདེམས་རོགས་ཟླ་རུ་འདེམས་ཡོད། 

འདི་ནི་ཨ་རིའི་མིང་ཉི་སུའུ་ཏ་མངའ་སྡེའི་སྲིད་གཞུང་དྲ་ཚིགས་ཀྱིས་འདོན་སྤྲོད་བྱས་པའི་ཨའོ་ཨར་ཚི་ཡི་གཞུང་ཕྱོགས་འདྲ་པར་རེད། 

ཨ་རིའི་ཙུང་ཐུང་གཞོན་པ་ཧ་ལི་སི་ཡིས་ཚེས6ཉིན་དམངས་གཙོ་ཏང་གི་ཙུང་ཐུང་འོས་མིའི་མིང་ཐོ་གཏན་ཁེལ་བྱས། སྤེལ་བའི་གནས་ཚུལ་ལྟར་ན། མོ་རང་ཉིན་དེའི་དགོང་མོར་པིན་ཞི་ཧྥ་ཉི་ཡ་མངའ་སྡེའི་འགྲན་ཐེངས་བྱ་འགུལ་སྟེང་ཨའོ་ཨར་ཚི་ལ་དངོས་སུ་ངོ་སྤྲོད་གནང་བ་རེད།

ཨའོ་ཨར་ཚི་ད་ལོ་དགོང་ལོ60ཡིན་ཞིང་། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་གྲོས་ཁང་འོག་མའི་གྲོས་མི་ཡི་འགན་འཁུར་མྱོང་བ་དང་། 2018ལོར་མིང་ཉི་སུའུ་ཏ་མངའ་སྡེའི་མགོ་དཔོན་གྱི་འགན་འཁུར་ལ། 2022ལོར་ལས་འགན་མུ་འཁུར་གནང་། 

དམངས་གཙོ་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཟླ8པའི་ཚེས19ཉིན་ནས་ཚེས22ཉིན་བར་ཀྲི་ཅ་ཀོ་རུ་བསྡུ་འཆར་ཡོད་ལ། ཧ་ལི་སི་ཡིས་ཚོགས་ཆེན་སྟེང་དམངས་གཙོ་ཏང་གི་ཙུང་ཐུང་འོས་མིའི་མིང་ཐོ་ལ་དངོས་སུ་དང་ལེན་བྱ་རྒྱུ་མ་ཟད། ཆབ་སྲིད་ཀྱི་གླེང་ཕྱོགས་སྐོར་ནས་གཏམ་བཤད་སྤེལ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号