ཉིན་གཅིག་ནང་མི19རྐྱེན་ལམ་དུ་ཤོར་འདུག

སྤྱི་ཚེས6ཉིན། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་གནས་ཚུལ་སྤེལ་བར་གཞིགས་ན།  འདས་ཟིན་པའི་ཆུ་ཚོད24ཡི་ནང་། རྒྱ་གར་གྱི་པི་ཧའར་མངའ་སྡེར་དྲག་ཆར་དང་གློག་འཁྱུག་ཐོག་རྒྱག་གནམ་གཤིས་བསྟན་ནས་ཁྱོན་མི19རྐྱེན་ལམ་དུ་ཤོར་བ་དང་། མི7ལ་རྨས་སྐྱོན་ཕོག་ཡོད་པ་རེད། འབྱུང་འགྱུར་ཆུ་ཚོད24ཡི་ནང་ས་གནས་དེ་གརདྲག་ཆར་དང་གློག་འཁྱུག་ཐོག་རྒྱག་གི་གནམ་གཤིས་བསྟན་རྒྱུའི་ཉེན་བརྡ་བཏང་ཡོད། རྒྱ་གར་གྱི་ལོ་རེའི་ཟླ6པ་ནས་ཟླ9པ་བར་ནི་དུས་རླུང་དང་ཆར་དུས་ཡིན་ཞིང་། གློག་འཁྱུག་དང་དྲག་ཆར་གྱི་གནམ་གཤིས་ཡང་ཡང་བསྟན་པ་དང་། ཐོག་བརྒྱབ་ནས་མི་སྣ་ཤི་རྨས་བྱུང་བའི་དོན་རྐྱེན་རྟག་ཏུ་ཐོན་གྱི་ཡོད།

གློག་འཁྱུག་ཐོག་རྒྱག་ནི་རང་བྱུང་གི་སྣང་ཚུལ་ཞིག་ཡིན། དེ་ནི་ཆར་སྤྲིན་ཁྲོད་དུ་འབྱུང་གི་ཡོད། གློག་འཁྱུག་སྐབས་གློག་གནོན་མཐོ་བ་དང་། གློག་རྒྱུན་ཆེ་བ། གློག་སྡུད་འགྱེད་འཕྲོ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། གལ་ཏེ་དེ་ཕོག་ན་ཉེན་ཁ་ཤིན་ཏུ་ཆེ་བ་དང་དཔལ་འབྱོར་གྱོང་གུན་ཚབས་ཆེན་བཟོ་སྲིད། ཆུ་རླངས་སྐྱེལ་འདྲེན་དང་ཚ་ཤུགས་ཆ་རྐྱེན། འཁོར་རྒྱུན་རྒྱབ་ལྗོངས། ས་དབྱིབས་སོགས་ཀྱི་རྒྱུ་རྐྱེན་ནི་གློག་འཁྱུག་ཐོག་རྒྱག་དང་འབྲེལ་བ་དམ་ཟབ་ཡོད་པས། གློག་འཁྱུག་ཐོག་རྒྱག་གི་དུས་དང་བར་སྟོང་གི་ཁྱབ་ཚུལ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེའི་ཕྱིར་ལོ་རེའི་འབྲུབ་ཆུ་རྒྱས་དུས་ནི་གློག་འཁྱུག་ཐོག་རྒྱག་གནམ་གཤིས་བསྟན་མང་བའི་དུས་སྐབས་ཤིག་ཡིན།

བསྡོམས་རྩིས་བྱས་པར་གཞིགས་ན། རང་རྒྱལ་གྱི་གློག་འཁྱུག་ཐོག་རྒྱག་གཙོ་བོ་ལོ་རེའི་ཟླ4པ་ནས་ཟླ9པ་བར་ཡིན་པ་དང་། ཟླ7པར་གློག་འཁྱུག་ཐོག་རྒྱག་མང་ཤོས་དུས་ལ་སླེབས་ཡོད། ཟླ6པ་ནས་ཟླ8པ་བར་ནི་རང་རྒྱལ་གྱི་གློག་འཁྱུག་ཐོག་རྒྱག་གི་གནོད་འཚེ་ཐོན་མང་བའི་དུས་ཡིན། སྐབས་དེར་གློག་འཁྱུག་ཐོག་རྒྱག་གིས་མི་སྣ་ཤི་རྨས་འབྱུང་ཚད་ལོ་ཧྲིལ་པོའི65%ཟིན་ཡོད།

དབྱར་ཁ་ཤར་བ་ནས་བཟུང་། རང་རྒྱལ་གྱི་ས་ཆ་མང་པོ་ཞིག་ཏུ་གཅིག་རྗེས་གཉིས་མཐུད་ངང་ཐོག་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་སྣ་ཤི་རྨས་འབྱུང་གི་ཡོད། མིག་སྔར་གློག་འཁྱུག་ཐོག་རྒྱག་གནམ་གཤིས་ཡང་ཡང་བསྟན་པའི་དུས་ཚིགས་ཡིན་པས། གློག་འཁྱུག་ཐོག་རྒྱག་དོན་རྐྱེན་ཐོན་པའི་རྒྱབ་ཏུ་རང་བྱུང་ཁམས་ཆེན་མོའི་འགོག་ཐབས་བྲལ་བའི་རྒྱུ་རྐྱེན་ཚུད་ཡོད་ལ། སྔོན་འགོག་བྱེད་ཐབས་མི་འདང་བ་སོགས་ཀྱི་རྒྱུ་རྐྱེན་ཡང་གནས་ཡོད་པས། གློག་འཁྱུག་ཐོག་རྒྱག་གི་གནམ་གཤིས་བསྟན་སྐབས་ཇི་ལྟར་བྱ་དགོས་སམ་ཞེ་ན། “མི་རུང་བ་བརྒྱད་”པོ་དེ་དག་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས་པ་སྟེ།

གཅིག ཆུ་བོ་དང་མཚེའུ་སོགས་ཆུ་ཁོངས་ཀྱི་ཉེ་འགྲམ་དུ་སྡོད་མི་རུང་། 

གཉིས། མཐོ་གནོན་གློག་སྐུད་དང་། ལམ་སྒྲོན། བརྡ་ཁྱབ་བྱང་བུ་སོགས་དང་ཉེ་བར་བཅར་མི་རུང་།

གསུམ། སྤྱི་གླིང་ནང་གི་སྟབས་བདེའི་འཛུགས་སྐྲུན་དངོས་པོའི་འོག་གབ་མི་རུང་།

བཞི། ཉི་གཡབ་ཐོག་ལངས་ནས་གློག་འཁྱུག་པར་བལྟ་མི་རུང་།

ལྔ། ཐང་གཤོང་སྟོང་པའི་སྟེང་ཉི་གདུགས་བརྒྱབ་ནས་སྡོད་མི་རུང་།

དྲུག ཉ་འཛིན་དབྱུག་པ་དང་སྤོར་རྒྱག་ཡོ་བྱད་འཁུར་ནས་འགྲོ་མི་རུང་།

བདུན། ས་ངོས་སུ་ཉལ་མི་རུང་། ས་ངོས་ཀྱི་གློག་རྒྱུན་མིའི་གཟུགས་པོའི་ནང་བརྒྱུད་འདྲེན་བྱེད་ཉེན་ཆེ།

བརྒྱད། ཤིང་སྡོང་ཆེན་པོའི་འོག་ཏུ་ཡིབ་ནས་སྡོད་མི་རུང་བ་བཅས་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号