དབྱི་སི་རལ་གྱི་མང་ཚོཊ་ཀྱིས་སྲིད་གཞུང་ལ་གནོན་ཤུཊ་སྤྲད་འདུག

དབྱི་སི་རལ་སྲིད་གཞུང་གིས་ཀ་ཧྲ་རྒྱུད་དུ་དམག་དོན་བྱ་འགུལ་བསྟུད་མར་སྤེལ་བས། དབྱི་སི་རལ་རྒྱལ་ནང་གི་མང་ཚོགས་ཡི་མ་རངས་པར་གྱུར་ཡོད། ས་གནས་དེ་གའི་དུས་ཚོད་ཟླ7ཚེས5ཉིན། དབྱི་སི་རལ་གྱི་མང་ཚོགས་འབོར་ཆེན་ཞིག་གིས་ཐེ་ལ་ཝེ་ཧྥུ་ཡི་ཁྲོམ་གཞུང་དུ་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང་། དབྱི་སི་རལགྱི་བཙན་ཉར་མི་སྣའི་ཨ་མ་མང་པོ་ཞིག་ཀྱང་ཁྲོམ་སྐོར་རུ་ཁག་ནང་ཞུགས་ཡོད་པ་རེད།

རྔམ་སྟོན་བྱེད་མཁན་མང་ཚོགས་ཀྱིས་བཙན་ཉར་མི་སྣའི་འདྲ་པར་དང་དེ་བཞིན“ད་ལྟ་ཉིད་དུ་ཁོང་ཚོ་ཁྱིམ་དུ་ཁྲིད་ཤོག”ཅེས་པའི་སྦྱར་ཡིག་ཡར་བསྒྲེངས་ནས་དབྱི་སི་རལ་སྲིད་གཞུང་ལ་ཡི་མི་རངས་པའི་རྣམ་འགྱུར་བསྟན་པ་དང་། དབྱི་སི་རལ་སྲིད་གཞུང་གིས་འཕྲལ་མར་ཕ་ལེ་སི་ཐན་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)དང་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་ནས། ཀ་ཧྲ་རྒྱུད་དུ་བཙན་ཉར་བྱས་ཡོད་པའི་དབྱི་སི་རལ་གྱི་མི་སྣ་ཕྱིར་བརྗེ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号