ཀྲུང་གོ་དང་ལའོ་ཝའོ་ཡི2024ལོའི་མཛའ་མཐུན་གྱི་ཕུབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ནས་མདེལ་དངོས་མ་གཏོང་འཕེན་བྱས།

ས་དེའི་ཟླ7པའི་ཚེས8ཉིན། ཀྲུང་གོ་དང་ལའོ་ཝའོ་ཡི2024ལོའི་མཛའ་མཐུན་གྱི་ཕུབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོར་བརྡར་ལ་ཞུགས་པའི་རྒྱལ་ཁབ་གཉིས་ཀྱི་དཔོན་དམག་གིས་ལའོ་ཝའོ་མི་དམངས་དམག་གི་ཁུའུ་མཱ་ཏན་སློབ་གླིང་གི་སྦྱོང་བརྡར་ར་བ་ནས་མདེལ་དངོས་མ་གཏོང་འཕེན་བྱས། ཕྱོགས་གཉིས་ཀྱི་དཔོན་དམག་གིས་ཕན་ཚུན་སློབ་སྦྱོང་དཔེར་ལེན་དང་། ཞན་ཆ་ཁ་གསབ་བྱས་ཏེ། སྦྱོང་བརྡར་ཆུ་ཚད་གཏན་འཇགས་ངང་ཇེ་མཐོར་བཏང་།

མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་བབ་བསྟུན་རང་བཞིན་གྱི་དུས་རིམ་དུ་བསྡོམས་པས་བསྟུད་བརྒྱག་མེ་མདའ་ཇེ་ཆུང་གཉིས་དང་། རྒྱང་འཕེན་མེ་མདའ། གས་འབར་གཏོང་འཕེན་ཆས། འཁོར་འདྲུད་མེ་སྒྱོགས་སོགས་དྲག་ཆས་མང་བོའི་མདེལ་དངོས་མ་གཏོང་འཕེན་བྱེད་པའི་རྣམ་གྲངས་ཐད་སློབ་ཁྲིད་བརྗེ་རེས་བྱས་ཏེ། ཕྱོགས་གཉིས་ཀྱི་དཔོན་དམག་གིས་ཆ་རྒྱུས་མེད་པའི་ས་ཁོངས་ཁོར་ཡུག་ནས་མེ་མདའ་ཐུང་ངུ་བཀོལ་ནས་རྒོལ་ལན་སྤྲོད་པ་དང་། མེ་མདའི་ཚུགས་ཀ་མི་འདྲ་བའི་གཏོང་འཕེན། རྒྱང་འཕེན་མེ་མདའི་གཏོང་འཕེན་སོགས་གཞི་རྩའི་རྩལ་ནུས་མཐོར་འདེགས་བཏང་། ཕྱོགས་གཉིས་ཀྱིས་ད་རུང་དངོས་འཐབ་ཀྱི་ཆ་རྐྱེན་འོག་མྱུར་མོར་དམིགས་འབེན་རྙེད་པ་དང་། ཡུལ་བབ་ལ་བསྟུན་ནས་གཏོང་འཕེན་བྱེད་སྐབས་ལེགས་སྒྲིག་བྱེད་པ། མེ་མདའ་མི་འདྲ་བ་བཀོལ་བར་འཚམ་པའི་དུས་སྐབས་སོགས་ཀྱི་གནད་དོན་ཐད་ནས་བརྗེ་རེས་གཏིང་ཟབ་བྱས།

ཀྲུང་གོ་ཕྱོགས་ཀྱི་རྩལ་ཁྲིད་པས་མཚམས་སྦྱོར་བྱས་པ་ལྟར་ན། དེའི་རྗེས་ཀྱི་དུས་ཚོད་ནང་ཕྱོགས་གཉིས་ཀྱིས་སྦྱོང་བརྡར་གྱི་ནང་དོན་དང་འགུལ་སྐྱོད་རྣམ་གྲངས་ལ་དམིགས་ནས་འདྲེས་སྦྱོར་རུ་སྒྲིག་སྦྱོང་བརྡར་བྱས་ཏེ། མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་རྨང་གཞི་འདིང་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号