རྒྱལ་ཁབ3པོ་འདིས་མནའ་འབྲེལ་འཛུཊ་རྒྱུ་ཁྱབ་བསྒྲཊ་བྱས། 

ཚེས6ཉིན་ནི་ཀྲེར་དང་། མ་ལི། པུའུ་ཅི་ན་ཧྥ་སོ་བཅས་རྒྱལ་ཁབ་གསུམ་གྱི་དམག་དོན་འགོ་ཁྲིད་པས་ནི་ཀྲེར་གྱི་རྒྱལ་ས་ཉི་ཡ་མེ་རུ་“ས་ཧོ་ལེ་རྒྱལ་ཁབ་མནའ་འབྲེལ་”གྱི་ཁོངས་མིའི་རྒྱལ་ཁབ་ཀྱི་དབུ་ཚོགས་ཐེངས་དང་པོ་འཚོགས་པ་མ་ཟད། “ས་ཧོ་ལེ་རྒྱལ་ཁབ་མནའ་འབྲེལ་”འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

རྒྱལ་ཁབ་གསུམ་གྱི་དམག་དོན་འགོ་ཁྲིད་པས་ས་ཁུལ་གྱི་གཞོགས་འདེགས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཁྲོད་ཐོབ་པའི་གྲུབ་འབྲས་ལ་མནའ་འབྲེལ་གྱིས་བསྔགས་བརྗོད་བྱས་པ་དང་། ད་ལོའི་ཟླ3པར་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པའི“ས་ཧོ་ལེ་རྒྱལ་ཁབ་མནའ་འབྲེལ་”གྱི་མཉམ་འབྲེལ་དཔུང་སྡེར་བསྟོད་བསྔགས་བྱས་པ་དང་། དཔུང་སྡེའི་དམིགས་ཡུལ་ནི་འཇིགས་སྐུལ་རྩ་འཛུགས་དང་། རྒྱལ་ཁབ་ལས་བརྒལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག མནའ་འབྲེལ་ལ་འཕྲད་པའི་འཇིགས་སྐུལ་གཞན་དག་བཅས་ལ་རྡུང་རྡེག་གཏོང་ཆེད་ཡིན་པ་རེད། གཞན་ཡང་རྒྱལ་ཁབ་གསུམ་པོས་རྒྱལ་ཕྲན་མཉམ་འབྲེལ་ནང་ཁུལ་དུ་མ་དངུལ་འཇོག་པའི་དངུལ་ཁང་ཞིག་འཛུགས་རྒྱུ་མ་ཟད་ཆ་སྙོམས་ཐེབས་རྩ་འཛུགས་རྒྱུ་དང་། དུས་མཚུངས་སུ་མི་སྣ་དང་། ཚོང་ཟོག ཞབས་ཞུ་བཅས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པའི་ལམ་སྲོལ་ཞིག་འཛུགས་རྒྱུའི་ཐག་བཅད་པ་རེད།

2023ལོའི་ཟླ9པར་ནི་ཀྲེར་དང་། མ་ལི། པུའུ་ཅི་ན་ཧྥ་སོ་བཅས་རྒྱལ་ཁབ་གསུམ་གྱིས་མ་ལིའི་རྒྱལ་ས་པ་མ་ཁོར《ལི་ཕུའུ་ཐ་ཁོའོ་—ཀུའར་མའི་རྩ་ཁྲིམས་》ལ་མིང་རྟགས་བཀོད་ནས། “ས་ཧོ་ལེ་རྒྱལ་ཁབ་མནའ་འབྲེལ་”འཛུགས་རྒྱུའི་མོས་མཐུན་བྱས་པ་རེད། རྩ་ཁྲིམས་དེར་གཞིགས་ན། ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་གང་ཞིག་ཡིན་རུང་འཇབ་རྒོལ་ཕོག་སྐབས། ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་གཞན་དག་གིས་ངེས་པར་དུ་དམག་དོན་གྱི་རྒྱབ་སྐྱོར་ཚུད་པའི་རོགས་སྐྱོར་བྱ་དགོས། ད་ལོའི་ཟླ་དང་པོར་རྒྱལ་ཁབ་གསུམ་པོས་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་ནས། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་སྒྲིག་གཞི་ནས་འཕྲལ་མར་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号