དབྱིན་ཇིས་སྲིད་ཇུས་འདི་མེད་པར་བཟོ་རྒྱུ་རེད། 

ལུའུ་ཐོའུ་གསར་འགྱུར་ཁང་གིས་ཟླ7པའི་ཚེས6ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། གསར་དུ་བསྐོ་གཞག་བྱས་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོའོ་ཡིས་ཁྲིམས་འགལ་གནས་སྤོས་ཡུལ་མི་སྟོང་ཕྲག་ཁ་ཤས་དབྱིན་ཇི་ནས་རུ་ཝང་ཏར་སྐྱེལ་བའི་རྩོད་གཞིའི་འཆར་གཞི་མེད་པར་བཟོ་རྒྱུ་ཡིན་ཞེས་བཤད། འདི་ནི་བཟོ་པའི་ཏང་ལ་འདེམས་བསྐོ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་རྗེས། སི་ཐ་མོའོ་ཡིས་ཐེངས་དང་པོར་སྲིད་ཇུས་ལ་འགྱུར་ལྡོག་གལ་ཆེན་བྱུང་བ་ཁྱབ་བསྒྲགས་བྱས་པ་རེད།

ལུའུ་ཐོའུ་གསར་འགྱུར་ཁང་གིས་བཤད་དོན། 2022ལོར་བག་འཁུམ་ཏང་སྲིད་གཞུང་གིས་ཆོག་མཆན་མ་ཐོབ་པར་དབྱིན་ཇིར་འབྱོར་བའི་ཁྲིམས་འགལ་གནས་སྤོས་ཡུལ་མི་ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་ཁབ་ལ་སྐྱེལ་བའི“རུ་ཝང་ཏའི་འཆར་གཞི་”ཐོག་མར་ཁྱབ་བསྒྲགས་བྱས་པ་མ་ཟད། དེས་ཁྲིམས་འགལ་གནས་སྤོས་ཡུལ་མི་གྲུ་ཆུང་ལ་བསྡད་དེ་དབྱིན་ཅི་ལི་མཚོ་འགག་བརྒལ་ནས་དབྱིན་ཇིར་འབྱོར་བའི་གནས་ཚུལ་མཇུག་བསྒྲིལ་རྒྱུ་རེད་ཅེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号