འཛམ་གླིང་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་བསྟུད་མར་ཟླ་ངོ་བཅུ་གཉིས་རིང་བཟོ་ལས་ཅན་གྱི་ཡར་སྔོན་ལས་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔས་མཐོ་བར་མངོན།

ཡོ་རོབ་གླིང་མནའ་འབྲེལ་གྱི་ནམ་ཟླའི་ཚད་འཇལ་ལས་ཁུངས་ཀི་པེ་ནེ་ནམ་ཟླའི་འགྱུར་ལྡོག་ཞབས་ཞུ་ཅུའུ་ཡིས་ཚེས་བརྒྱད་ཉིན་སྤྱི་སྒྲོག་སྤེལ་ཏེ། ད་ལོའི་ཟླ་དྲུག་པའི་བར། འཛམ་གླིང་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་བསྟུད་མར་ཟླ་ངོ་བཅུ་གཉིས་རིང་བཟོ་ལས་ཅན་གྱི་ཡར་སྔོན་ལས་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔས་མཐོ་བར་མངོན་ཡོད་ཟེར།

ཕཱ་རེ་སིའི་གྲོས་ཆོད་ལས་བཏོན་པའི་དྲོད་ཚད་ཚོད་འཛིན་དམིགས་འབེན་ལྟར་ན། དུས་རབས་འདིའི་དུས་མཇུག་ཏུ། འཛམ་གླིང་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་དེ་བཟོ་ལས་ཅན་གྱི་ཡར་སྔོན་གྱི་ཆུ་ཚད་ལས་འཕར་ཚད་དྲོད་གྲངས་གཉིས་ནང་ཚོད་འཛིན་བྱེད་དགོས་པར་མ་ཟད། དྲོད་ཚད་ཇེ་མཐོར་འགྲོ་བའི་ཚད་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔའི་ནང་ཚོད་འཛིན་བྱེད་པར་འབད་བརྩོན་བྱེད་དགོས་པར་བསྟན།

སྤྱི་སྒྲོག་གི་གཞི་གྲངས་ལས་མངོན་པ་ལྟར་ན། 2023ལོའི་ཟླ7པའི་ཚུན་ལ་འཛམ་གླིང་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་ཀྱིས་ཟིན་ཐོ་ཡོད་པའི་ཚུན་གྱི་ཆེས་མཐོ་བའི་ཚད་ལ་བསླེབས་ནས། བཟོ་ལས་ཅན་གྱི་ཡར་སྔོན་གྱི་ཆ་སྙོམས་དྲོད་ཚད་ལ་དྲོད་གྲངས་གཅིག་དང་གྲངས་ཆུང་དྲུག་བཞི་ཇེ་མཐོར་སོང་ཡོད་པ་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཟླ6པར། འཛམ་གླིང་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་དྲོད་གྲངས་བཅུ་དྲུག་དང་གྲངས་ཆུང་དྲུག་དྲུག་ཡིན་པ་དང་། 2023ལོའི་ཟླ6པ་ལས་དྲོད་གྲངས་ཐིག་དང་གྲངས་ཆུང་གཅིག་བཞི་ཇེ་མཐོར་སོང་ནས། ཟིན་ཐོ་ཡོད་པའི་ཚུན་གྱི་དྲོད་ཚད་ཆེས་མཐོ་བའི་ཟླ་དྲུག་པར་གྱུར་ཡོད། དེ་ལས་གཞན་འཛམ་གླིང་ཡོངས་ཀྱི་ཟླ་གཅིག་གི་ཆ་སྙོམས་དྲོད་ཚད་བསྟུད་མར་ཟླ་ངོ་བཅུ་གསུམ་རིང་ཆེས་མཐོ་བའི་ཟིན་ཐོ་བསྐྲུན་ཡོད།

ཀི་པེ་ནེ་ནམ་ཟླའི་འགྱུར་ལྡོག་ཅུའུ་ཡི་ཀྲུའུ་རིན་ཁཱ་ལོ་པུའུ་ཝུན་ཐིན་པའོ་ཡིས་བསྟན་དོན། ཟླ6པའི་བར། འཛམ་གླིང་ཡོངས་ཀྱི་དྲོད་ཚད་བསྟུད་མར་ཟླ་ངོ་བཅུ་གསུམ་རིང་ཆེས་མཐོ་བའི་ཚད་དུ་བསླེབས་པ་དང་། བསྟུད་མར་ཟླ་ངོ་བཅུ་གཉིས་རིང་བཟོ་ལས་ཅན་གྱི་ཡར་སྔོན་ལས་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔ་ཇེ་མཐོར་སོང་ཡོད། དེ་ལས་ནམ་ཟླར་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་མངོན་གསལ་རེད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号