ཧྥུན་ལན་གྱི་ཙུང་ཐུང་གིས་ཧྥུན་ལན་དང་ཨ་མེ་རི་ཁའི་འགོག་སྲུང་མཉམ་ལས་གྲོས་མཐུན་ལ་མིང་བཀོད།

ཧྥུན་ལན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ལྔ་ཉིན་ཁྱབ་བསྒྲགས་བྱས་དོན། ཧྥུན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ་ཡིས་ཉིན་དེར་ཧྥུན་ལན་དང་ཨ་མེ་རི་ཁའི་འགོག་སྲུང་མཉམ་ལས་གྲོས་མཐུན་ལ་མིང་བཀོད།

སི་ཐུའུ་པུའུ་ཡིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། གྲོས་མཐུན་དེས་སྔར་ལས་ལྷག་པའི་སྒོ་ནས་ཧྥུན་ལན་དང་ཨ་མེ་རི་ཁའི་བདེ་འཇགས་དང་འགོག་སྲུང་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་ཐུབ་ཟེར།

ཧྥུན་ལན་རྒྱལ་ཁབ་རྒྱང་སྒྲོག་ཀུང་ཟིས་བསྒྲགས་པ་ལྟར་ན། གྲོས་མཐུན་ལྟར་ན། ཧྥུན་ལན་གྱིས་དམག་དོན་རྟེན་གཞི་བཅོ་ལྔ་ཨ་མེ་རི་ཁར་བེད་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན་པར་མ་ཟད། ཨ་མེ་རི་ཁས་ཧྥུན་ལན་ལ་འགོག་སྲུང་སྒྲིག་ཆས་དང་དངོས་རྫས། རྒྱུ་ཆ། དམག་མི་བཅས་སྐྱེལ་འདྲེན་བྱེད་པར་ཆོག་མཆན་བཀོད་ཡོད།  གྲོས་མཐུན་ལས་ད་རུང་ཨ་མེ་རི་ཁའི་མི་སྣས་བེད་སྤྱོད་བྱེད་པའི་ཆེད་སྤྱོད་དམག་དོན་ས་ཁོངས་འཛུགས་པའི་དབང་ཆ་སྤྲོད་རྒྱུ་ཡིན་ལ། གྲོས་མཐུན་དེས་ཨ་མེ་རི་ཁའི་དམག་དཔུང་གི་ཧྥུན་ལན་གྱི་བྱ་འགུལ་དང་དུས་ཡུན་རིང་བོའི་བཅའ་སྡོད་ལ་བཅའ་ཁྲིམས་ཀྱི་རྨང་གཞི་འདོན་སྤྲོད་བྱས་ཡོད་ཟེར།

ཧྥུན་ལན་གྱི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། གྲོས་མཐུན་དེས་སྔར་ལས་ལྷག་པའི་སྒོ་ནས་ཧྥུན་ལན་དེ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་བདེ་འཇགས་འགན་སྲུང་ཇེ་དྲག་ཏུ་གཏོང་ཐུབ། གྲོས་མཐུན་དེ་ཚོད་དཔག་བྱས་ན་ཟླ9པའི་ཚེས་གཅིག་ཉིན་ནུས་ལྡན་དུ་འགྱུར་སྲིད་ཟེར།

2022ལོའི་ཟླ8པར་ཧྥུན་ལན་དང་ཨ་མེ་རི་ཁས་འགོག་སྲུང་མཉམ་ལས་གྲོས་མཐུན་ལ་གྲོས་མོལ་བྱེད་མགོ་བརྩམས་པ་དང་། 2023ལོའི་ཟླ10པར་གྲོས་མཐུན་བཀོད། ད་ལོའི་ཟླ7པའི་ཚེས1ཉིན་ཧྥུན་ལན་གྲོས་ཁང་གིས་གྲོས་མཐུན་དེར་ཆོག་མཆན་བཀོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号