སྐྱེས་པ་བཞི་དབུ་བཞུགས་བློན་ཆེན་གྱི་ལས་ཤག་ཏུ་བཙན་གྱིས་འཛུལ་འདུག

ས་གནས་དེ་གའི་དུས་ཚོད་ཚེས25ཉིན། སྐྱེས་པ་བཞི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ན་ཁེའི་དབྱིན་ལན་བྱང་རྒྱུད་དུ་གནས་པའི་ལས་ཤག་ལ་བཙན་འཛུལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པའི་དབང་གིས་འཛིན་བཟུང་བྱས་པ་རེད། 

ངོ་སྤྲོད་བྱས་པར་གཞིགས་ན། དོན་རྐྱེན་ཐོན་རྗེས། བྱེད་སྒོ་རྩ་འཛུགས་ཤིག་གིས་བརྙན་ཞིག་ཁྱབ་བསྒྲགས་བྱས་པ་དང་། བརྙན་ལམ་ནང་སྐྱེས་པ་ཞིག་སུའུ་ན་ཁེ་ཡི་ལས་ཤག་ཏུ་བསྐྱོད་རྗེས་སྤྱོད་ཚུལ་མི་ལེགས་པ་སྤེལ་ཡོད། ཁོང་གིས་འདི་ནི་སུའུ་ན་ཁེ་སྲིད་གཞུང་ལ་རྒོལ་གཏམ་བཏང་བ་ཡིན་ཞེས་བརྗོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རྩ་འཛུགས་དེས་དབྱིན་ཇི་སྲིད་གཞུང་གིས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཆོག་འཐུས་ལག་ཁྱེར་གསར་པ་སྤྲོད་མཚམས་འཇོག་རྒྱུའི་རེ་བ་བྱེད་པ་དང་། ད་དུང་དབྱི་སི་རལ་ལ་ཕྱོགས་གཉིས་ཀྱི་གོ་མཚོན་སྐྱེལ་འདྲེན་བཀག་སྡོམ་བྱ་རྒྱུའི་རེ་འབོད་ཀྱང་བྱས་པ་རེད། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཁོ་ཚོ་སྐར་མ་གཅིག་གི་ནང་དུ་ཡུལ་དངོས་སུ་སླེབས་པ་དང་མི་བཞི་བཀག་ཉར་བྱེད་དུ་ཁྲིད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号