“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་འཚོགས་མགོ་བརྩམས་པ།

“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་ཚེས24ཉིན་གྱི་དགོང་མོར་ཁྲུང་ཆིན་དུ་འཚོགས་མགོ་བརྩམས་ཤིང་། རྒྱལ་ཁབ་དང་ས་ཁུལ61ནས་ཡོང་བའི་འགྲན་ཞུགས་པ་དང་ཤན་འབྱེད་པ། འབྲེལ་ཡོད་མི་སྣ་བཅས་མི590ལྷག་ཐེངས་འདིའི་འགྲན་བསྡུར་དང་འགྲེམ་སྟོན་ནང་ཞུགས། འགྲན་ཞུགས་མི་སྣའི་ཆ་སྙོམས་ལོ་ཚད་ལོ22ཡིན་ལ། ལོ30མན་གྱི་འགྲན་ཞུགས་པའི་ཟིན་ཚད95%ལས་བརྒལ། 

འགྲན་བསྡུར་གྱི་རྣམ་གྲངས་ཐད། ཚོགས་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་དུ་འབྲེལ་ནས། གྲངས་ཀའི་འཛུགས་སྐྲུན་དང་། ཟོག་འགྲེམས་དང་ཟོག་འདྲེན་ལས་ཚབ། གློག་རྡུལ་ལག་རྩལ། གློག་རླངས་སྒྲིག་ཆས། འོད་གློག་ལག་རྩལ། རླངས་འཁོར་ལག་རྩལ(ནུས་རྒྱུ་གསར་བ)། འཁོར་ལམ་བརྡ་འཕྲིན་ཚོད་འཛིན་གྱི་འཛིན་ལག་རྩལ། བཟོ་ལས་འཕྲུལ་མིའི་མ་ལག་བཀོལ་སྤྱོད། སྦྲེལ་དྲའི་ཚོང་གཉེར་བཅས་བཀོད་སྒྲིག་བྱས་ཏེ། བཟོ་སྐྲུན་དང་འགྲིམ་འགྲུལ། འཕྲིན་གཏོང་། ཞབས་ཕྱི་སོགས་ཀྱི་ཐོན་ལས་ཡོངས་ལ་ཁྱབ། 

ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་ཚོགས་ཆེན་ནི་མི་ཤུགས་ཐོན་ཁོངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ། ཁྲུང་ཆིན་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། དེའི་དམིགས་ཡུལ་ནི་ཕུལ་བྱུང་ན་གཞོན་ལག་རྩལ་འཇོན་མི་བར་ཉམས་མྱོང་བརྗེ་རེས་དང་ལག་རྩལ་ཞིབ་བརྡར། ནུས་རྩལ་འགྲེམ་སྟོན་སོགས་ཀྱི་གར་སྟེགས་བརྒྱུད་དེ། ལས་རིགས་ནུས་རྩལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་མགོ་རྒྱུན་མཐུད་ངང་གཏིང་ཟབ་ས་དང་དོན་དངོས་ཀྱི་ལམ་དུ་བསྐྱོད་པར་སྐུལ་འདེད་བྱ་རྒྱུ་དེ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན་ཁྲུང་ཆིན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་བསྡུས་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་འགྲན་ཞུགས་པས་མེ་ཏོག་སྡེབ་པའི་ནུས་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན་ཁྲུང་ཆིན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་བསྡུས་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་འགྲན་ཞུགས་པས་གློག་རྡུལ་ལག་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན་ཁྲུང་ཆིན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་བསྡུས་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་འགྲན་ཞུགས་པས་ངོ་གདོང་མཛེས་བཟོའི་ནུས་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་དྲ་འབྲེལ་ཚོང་གཉེར་གྱི་ནུས་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་རིན་པོ་ཆེ་ལས་སྣོན་གྱི་ནུས་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་ཁའོ་ཧྥེ་ལས་སྣོན་གྱི་ནུས་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་གློག་རླངས་སྒྲིག་བཀོད་ཀྱི་ནུས་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་སྦྲེལ་དྲའི་ཚོང་གཉེར་གྱི་ནུས་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་གློག་རྡུལ་ནུས་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་ཆ་འཕྲིན་དྲ་རྒྱའི་སྐུད་ལམ་མཐུད་སྒྲིག་གི་ནུས་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན་ཁྲུང་ཆིན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་བསྡུས་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་འགྲན་ཞུགས་པས་ངོ་གདོང་མཛེས་བཟོའི་ནུས་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་སྐྲ་སྤྲས་ནུས་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་རིན་པོ་ཆེ་ལས་སྣོན་གྱི་ནུས་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན་ཁྲུང་ཆིན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་པར་བླངས་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་འཁོར་ལམ་འཕྲིན་གཏོང་ལག་རྩལ་གྱི་ནུས་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ6པའི་ཚེས24ཉིན“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་ཡུལ་དངོས་སུ་རིན་པོ་ཆེ་ལས་སྣོན་གྱི་ནུས་རྩལ་འགྲན་བཞིན་པའི་རྣམ་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号