ཨ་ཀེན་ཐིན་གྱི་རྒྱལ་ས་རུ་མེ་འཁོར་གཉིས་རྡུང་ཐུག་བྱུང་བ་ལས་ཉུང་མཐར་ཡང་མི90ལ་རྨས་སྐྱོན་བཟོས་པ།

པར་འདི་ནི་ཟླ5པའི་ཚེས10ཉིན་རོགས་སྐྱོབ་མི་སྣས་ཨ་ཀེན་ཐིན་གྱི་རྒྱལ་ས་པུའུ་དབྱི་ནོ་སི་ཨེ་ལི་སི་རུ་མེ་འཁོར་གཉིས་རྡུང་ཐུག་བརྒྱབ་སའི་ཡུལ་དངོས་ནས་ལས་དོན་སྒྲུབ་བཞིན་པའི་རྣམ་པ་རེད།

ཟླ5པའི་ཚེས10ཉིན་ཨ་ཀེན་ཐིན་ལྕགས་ལམ་ཀུང་སིས་སྤྱི་འབྲེལ་སྨྱན་བྱད་སྟེང་སྤེལ་བའི་གསར་འགྱུར་ལྟར་ན། ཉིན་དེའི་སྔ་དྲོར་རྒྱལ་ཁབ་དེའི་རྒྱལ་ས་པུའུ་དབྱི་ནོ་སི་ཨེ་ལི་སིའི་ལྕགས་ཟམ་ཞིག་ཏུ་མེ་འཁོར་གཉིས་རྡུང་ཐུག་བྱུང་ནས་ཉུང་མཐར་ཡང་མི90ལ་རྨས་སྐྱོན་ཕོག་ཡོད།

གསར་འགྱུར་ནང་། ཐེངས་འདིའི་དོན་རྐྱེན་ནི་ས་དེའི་ཆུ་ཚོད10དང་སྐར་མ31སྟེང་བྱུང་ཞིང་། རྒྱུ་རྐྱེན་ཅི་ཡིན་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ཟེར། 

པུའུ་དབྱི་ནོ་སི་ཨེ་ལི་སིའི་སྨན་བཅོས་མྱུར་སྐྱོབ་ལས་ཁུངས་ཀྱི་འགན་ཁུར་བ་ཨ་ཨར་ཝེ་ཐའོ·ཁེ་ལའེ་ཧྲིན་ཏི་ཡིས་ཉིན་དེར་གསར་འགོད་པའི་བཅར་འདྲིར་དང་ལེན་བྱེད་དུས། ཡུལ་དངོས་ནས་འཚོལ་སྐྱོབ་བྱེད་པའི་ལས་དོན་ཡོངས་སུ་མཇུག་རྫོགས་ཤིང་ཡུལ་དངོས་ནས་བེམ་པོ་གཅིག་ཀྱང་རྙེད་མ་བྱུང་ཞེས་བཤད། 

ཨ་ཀེན་ཐིན་དཔལ་འབྱོར་པུའུ་ཡི་འགྲིམ་འགྲུལ་རྒྱལ་དོན་དྲུང་ཡིག་ཧྥེ་ལང་གེ·མོ་ཅེ་ཐ་ཡིས་ཉིན་དེར་སྲིད་གཞུང་གི་ཚབ་བྱས་ཏེ་རྨས་མ་དང་ཁྱིམ་མི་ལ་འཚམས་འདྲི་གནང་བ་མ་ཟད། དེ་འབྲེལ་གྱི་བརྟག་དཔྱད་བྱེད་མགོ་བརྩམས་ཡོད་ཚུལ་བསྟན། 

པར་འདི་ནི་ཟླ5པའི་ཚེས10ཉིན་རོགས་སྐྱོབ་མི་སྣས་ཨ་ཀེན་ཐིན་གྱི་རྒྱལ་ས་པུའུ་དབྱི་ནོ་སི་ཨེ་ལི་སི་རུ་མེ་འཁོར་གཉིས་རྡུང་ཐུག་བརྒྱབ་སའི་ཡུལ་དངོས་ནས་རྨས་མ་དབོར་འདྲེན་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ5པའི་ཚེས10ཉིན་རོགས་སྐྱོབ་མི་སྣས་ཨ་ཀེན་ཐིན་གྱི་རྒྱལ་ས་པུའུ་དབྱི་ནོ་སི་ཨེ་ལི་སི་རུ་མེ་འཁོར་གཉིས་རྡུང་ཐུག་བརྒྱབ་སའི་ཡུལ་དངོས་ནས་ལས་དོན་སྒྲུབ་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ5པའི་ཚེས10ཉིན་ཨ་ཀེན་ཐིན་གྱི་རྒྱལ་ས་པུའུ་དབྱི་ནོ་སི་ཨེ་ལི་སི་རུ་མེ་འཁོར་གཉིས་རྡུང་ཐུག་བརྒྱབ་སའི་ཡུལ་དངོས་རྣམ་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号