ཨ་རིས་ཀྲུང་གོའི་རིག་དངོས38ཕྱིར་སྤྲད་པ།

ས་གནས་དེ་གའི་དུས་ཚོད་ཟླ4པའི་ཚེས17ཉིན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་བོར་སྟོར་སོང་བའི་རིག་དངོས་སྒྱུ་རྩལ་ཐོན་རྫས38ཨ་རི་ནས་རྒྱལ་ཁའི་ངང་ཚུར་ལེན་བྱས། ཕྱིར་སྟེར་མཛད་སྒོ་དེ་ཉིའུ་གཡོད་བཅའ་སྡོད་བྱས་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་དུ་འཚོགས་ཤིང་ཨ་རིའི་ཉིའུ་གཡོད་མན་ཧ་ཏུན་ཆུས་ཞིབ་དཔྱོད་དཔོན་གཞུང་ལས་ཁང་གིས་ལག་སོན་བྱུང་བའི་ཀྲུང་གོའི་བོར་སྟོར་སོང་བའི་རིག་དངོས་སྒྱུ་རྩལ་ཐོན་རྫས38ཀྲུང་གོ་སྲིད་གཞུང་ལ་རྩིས་སྤྲོད་བྱས།

ཐོག་མའི་གསལ་འབྱེད་བྱས་པ་བརྒྱུད། ཆེད་མཁས་པས་རིག་དངོས་དེ་དག་གི་མང་ཆེ་བ་ནི་མིང་དང་ཆིང་དུས་སྐབས་ཀྱི་རང་རྒྱལ་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་ཡིན་པ་དང་། མཆོད་རྟེན་དང་ལྷ་སྐུ། ནང་བསྟན་གྱི་ཡོ་བྱད་རིགས་སོགས་ཟངས་དང་འབག བ་སོ། ཤིང་སོགས་ཀྱི་རྒྱུ་ཆ་ཚུད་པས་ནང་དོན་ཕུན་སུམ་ཚོགས་ཤིང་ཉར་ཚགས་ཆ་ཚང་ཡིན་ལ་ལོ་རྒྱུས་དང་སྒྱུ་རྩལ། ཚན་རིག་གི་རིན་ཐང་གལ་ཆེན་ལྡན་པའི་བརྡར་ཤ་བཅད།

དེ་སྔོན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་དང་འབྲེལ་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྗེ་རེས་ཀྱི་གཟིགས་མཁྱེན་སྤྲིངས་ཡིག་གི་ངོས་གཏན་བྱས་པ་བརྒྱུད<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཨ་མེ་རི་ཁ་མཉམ་འབྲེལ་རྒྱལ་ཁབ་སྲིད་གཞུང་གིས་རྡོ་ཆས་རྙིང་པའི་དུས་རབས་ནས་ཐང་རྒྱལ་རབས་ཀྱི་དུས་མཇུག་བར་གྱི་རིགས་དབྱེའི་གནའ་རྫས་རྟོག་ཞིབ་རྒྱུ་ཆ་དང་། ཉུང་མཐའ་ཡང་ལོ250ཡན་གྱི་གནའ་ཤུལ་འཇིམ་རྐོས་དང་ལྡེབས་རིས་སྒྱུ་རྩལ་ནང་འདྲེན་ཚོད་འཛིན་བྱེད་པའི་བསམ་ཤེས་བརྗེད་ཐོ>>གོ་ཆོད་དུས་ཡུན་བདེ་བླག་ངང་ཇེ་རིང་དུ་གཏོང་བ་ལེགས་གྲུབ་བྱུང་ཞིང་། ཡིག་ཆ་གསར་པ་དེ2024ལོའི་ཟླ1པོའི་ཚེས14ཉིན་ནུས་པ་ཐོན་པ་དང་གོ་ཆོད་དུས་ཡུན་ལོ5རེད།

ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས2009ལོའི་ཟླ1པོའི་ཚེས14ཉིན་དགོངས་དྭངས་བརྗེད་ཐོར་མིང་རྟགས་ཐེངས་དང་པོར་བཀོད་པ་དང་། དེས་རྗེས2014ལོ་དང2019ལོར་སོ་སོར་མུ་མཐུད་མིང་རྟགས་བཀོད་པ་དང་གོ་ཆོད་དུས་ཡུན2024ལོའི་ཟླ1པོའི་ཚེས་13ཉིན་བར་ཡིན། དེའི་རིང་ཨ་རི་ནས་ཕྱིར་གྱར་རིག་དངོས་སྒྱུ་རྩལ་ཐོན་རྫས་ཁག15ཡི་རིག་དངོས504དངོས་སུ་ཀྲུང་གོར་ཕྱིར་ལོག་ཐུབ་པ་བྱུང་།

གུ་རུ་སྐྱབས་ཀྱིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号