བྱང་ཆིངས་རྩ་འཛུགས་ཀྱིས་སུའེ་ཏེན་བྱང་ཆིངས་ནང་ཞུགས་པའི་མཛད་སྒོ་བསྡུས་པ།

ནུབ་རྒྱ་མཚོ་བྱང་མའི་སྤྱི་ཆིངས་རྩ་འཛུགས(བྱང་ཆིངས་རྩ་འཛུགས)ཀྱིས་ཚེས11ཉིན་པུ་རུ་སེར་དུ་ཡོད་པའི་སྤྱི་ཁྱབ་པུའུ་རུ་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་མཛད་སྒོ་བསྡུས་ཤིང་། སུའེ་ཏེན་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཨང32པར་གྱུར།

པར་འདི་ནི་ཟླ3པའི་ཚེས11ཉིན་པུ་རུ་སེར་དུ་ཡོད་པའི་བྱང་ཆིངས་སྤྱི་ཁྱབ་པུའུ་རུ་སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁེ་ལི་སི་ཐེ་སུང་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐུའོ་ཐེང་པེ་ཀེ་གཉིས་ཀྱིས་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཞུགས་ཡོད་པའི་རྣམ་པ་རེད།

ཉིན་དེར་སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁེ་ལི་སི་ཐེ་སུང་གིས་བསྡུས་པའི་མཉམ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐུའོ་ཐེང་པེ་ཀེ་ཡིས་སུའེ་ཏེན་བྱང་ཆིངས་ཀྱི་ཁོངས་མིའི་རྒྱལ་ཁབ་ཨང32པ་གྱུར་པར་དགའ་བསུ་ཞུས། ཁེ་ལི་སི་ཐེ་སུང་གིས་བཤད་རྒྱུར། སུའེ་ཏེན་གྱིས“ཞི་བདེའི་དུས་སྐབས”སུ་སུའེ་ཏེན་གྱི་མངའ་ཁོངས་སུ་གཏན་སྡོད་ཀྱི་དམག་དོན་རྟེན་གཞི་འཛུགས་པའམ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་དགོས་དོན་མེད་པར་འདོད་མོད། འོན་ཀྱང་དེ་དང་ཆབས་ཅིག་ཁོངས་མིའི་རྒྱལ་ཁབ་དངོས་ཡིན་པའི་སུའེ་ཏེན་གྱིས་བྱང་ཆིངས་རྩ་འཛུགས་ལ“ཏུའུ360”ཡི་ཕྱོགས་ཡོངས་ནས་དང་ལེན་བྱེད་ཀྱི་ཡོད་ལ། “ང་ཚོས་བྱང་ཆིངས་རྩ་འཛུགས་ཀྱི་འགོག་སྲུང་ནུས་པའི་དགོས་ངེས་རང་བཞིན་ལ་མཐའ་གཅིག་ཏུ་དང་ལེན་བྱེད་དགོས་ཤིང་། དེའི་ཁྲོད་ཉིང་རྡུལ་འཐབ་ཇུས་ཀྱང་ཚུད་ཡོད་པ་རེད”།

སུའེ་ཏེན་གྱི་རྒྱལ་མོ་ཀྲུའུ་ཝེ་ཏའོ་ལི་ཡ་མཛད་སྒོར་ཞུགས།

2022ལོའི་ཟླ2པར་ཝུའུ་ཁུ་ལན་གྱི་ཉམས་ཉེན་རིམ་འཕར་བྱུང་རྗེས་སུའེ་ཏེན་དང་ཧྥིན་ལན་གཉིས་ཀྱིས་ལོ་དེའི་ཟླ5པར་བྱང་ཆིངས་ནང་ཞུགས་རྒྱུའི་རེ་ཞུ་བཏོན་བ་དང་། 2023ལོའི་ཟླ4པར་དངོས་སུ་བྱང་ཆིངས་རྩ་འཛུགས་ནང་ཞུགས་རྒྱུའི་ཆོག་མཆན་ཐོབ། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号