ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་དུས་ཚོད་གཏན་འཁེལ་བྱས་འདུག

ཕ་རི་སི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཟླ3པའི་ཚེས8ཉིན། ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་ཨོ་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོ་དེ་ས་གནས་དེ་གའི་དུས་ཚོད་ཀྱི་ཟླ7པའི་ཚེས26ཉིན་གྱི་ཆུ་ཚོད19དང་སྐར་མ30ཐོག་སྤེལ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། སྐབས་དེར་ཕ་རི་སིའི་དབྱར་དུས་ཡིན་པ་དང་པེ་ཅིང་དུས་ཚོད་དང་ཧེ་བག་ཆུ་ཚོད6ཡོད་པས་རྒྱལ་ནང་གི་ལྟད་མོ་བ་ཚོས་ཚེས27ཉིན་གྱི་ཐོ་རེངས་ཆུ་ཚོད1དང་སྐར་མ30སྟེང་ཨོ་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་གཟིགས་ཐུབ།

ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཟླ7པའི་ཚེས26ཉིན་ནས་ཟླ8པའི་ཚེས11ཉིན་བར་སྤེལ་རྒྱུ་ཡིན་པ་དང་། དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཟླ8པའི་ཚེས28ཉིན་ནས་ཟླ9པའི་ཚེས8ཉིན་བར་སྤེལ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号