ཀྲུང་གོའི་དཔྱད་རྩོམ་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ།

སྤྱི་ཟླ9པའི་ཚེས20ཉིན་ཀྲུང་གོ་ཚན་རིག་ལག་རྩལ་ཆ་འཕྲིན་ཞིབ་འཇུག་སུའོ་ཡིས་ཁྱབ་བསྒྲགས་བྱས་པའི《སྤྱི་ལོ2023ལོའི་ཀྲུང་གོའི་ཚན་རྩལ་དཔྱད་རྩོམ་གྱི་བསྡོམས་རྩིས་སྙན་ཞུའི》ནང་སྤྱི་ལོ2022ལོར་ཀྲུང་གོས་རིག་ཚན་ཁག་གི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་དུས་དེབ་ཐོག་སྤེལ་བའི་དཔྱད་རྩོམ་ཁྱོན16349ཟིན་པ་དེས་འཛམ་གླིང་བསྡོམས་འབོར་གྱི30.3%བཟུང་ནས་ཐོག་མར་ཨ་རི་ལས་བརྒལ་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། 

རྩོམ་པ་པོ་གཙོ་བོ་དེ་ཚན་པ་དང་པོར་བཞག་ནས་བསྡོམས་རྩིས་དབྱེ་ཞིབ་བྱས་འབྲས་ལས་མངོན་པར། ཀྲུང་གོས་ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་དུས་དེབ་དཔྱད་རྩོམ་ཁྱོན་བསྡོམས་ཁྲི 9.36སྤེལ་བ་དེས་འཛམ་གླིང་བསྡོམས་འབོར་གྱི26.9%བཟུང་བ་དང་། གཞན་གྱིས་ལུང་དྲངས་བཀོལ་སྤྱོད་བྱེད་ཐེངས་ཁྲི64.96ཟིན་ནས་དཔྱད་རྩོམ་འདོན་གྲངས་དང་ལུང་དྲངས་བཀོལ་སྤྱོད་བྱེད་ཐེངས་ཚང་མ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号