པར་འདི་ནི་ཟླ9པའི་ཚེས18ཉིན་ཁེན་ནི་ཡའི་ན་ཁུའུ་ལུའུ་ཅུན་གྱི་མ་ཐན་ཅི་ཐི་ས་སྡེ་བ་རུ་ཀྲུང་གོའི་ཞིང་ལས་རིག་པའི་དགེ་རྒན་ཆེན་མོ་བ་ལིའུ་ཀའོ་ཆུང་གིས་ཁེན་ནི་ཡའི་སློབ་མར་ཞིང་ལས་ལག་རྩལ་མཛུབ་ཁྲིད་གནང་བཞིན་པའི་རྣམ་པ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས18ཉིན། ཀྲུང་གོའི་ནན་ཅིང་ཞིང་ལས་སློབ་ཆེན་དང་ཁེན་ནི་ཡའི་ཨའེ་ཀེ་ཏུན་སློབ་ཆེན་གཉིས་ཀྱིས་ཁེན་ནི་ཡའི་ན་ཁུའུ་ལུའུ་ཅུན་དུ་དུས་ཡུན་གཟའ་འཁོར་གཅིག་ཡིན་པའི་ཀྲུང་ཁེན་ཞིང་ལས་འཕེལ་རྒྱས་དང་དབུལ་འཕྲི་དཔེ་སྟོན་གྲོང་ཚོའི་ཀྲོ་མ་ཀྲུ་འདེབས་འཛུགས་ཀྱི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པ་རེད། ས་གནས་དེ་གའི་ཞིང་ལས་དཔོན་རིགས་དང་ཞིང་པ། ཁེ་ལས་ཀྱི་ལས་མི། སློབ་མ་བཅས་མི་བརྒྱ་ལྷག་ཐེངས་འདིའི་གསོ་སྦྱོང་ནང་ཞུགས་པ་རེད། །པར་འདི་ནི་ཟླ9པའི་ཚེས18ཉིན་ཁེན་ནི་ཡའི་ན་ཁུའུ་ལུའུ་ཅུན་གྱི་མ་ཐན་ཅི་ཐི་ས་སྡེ་བ་རུ་ཁེན་ནི་ཡའི་སློབ་མར་ཞིང་ལས་ལག་རྩལ་སློབ་སྦྱོང་བྱེད་བཞིན་པའི་རྣམ་པ་རེད། པར་འདི་ནི་ཟླ9པའི་ཚེས18ཉིན་ཁེན་ནི་ཡའི་ན་ཁུའུ་ལུའུ་ཅུན་དུ་ཀྲུང་གོ་དང་ཁེན་ནི་ཡའི་ཞིང་ལས་འཕེལ་རྒྱས་དང་དབུལ་འཕྲི་དཔེ་སྟོན་སྡེ་བ་རུ་ཀྲོ་མ་ཀྲུ་ཐོན་སྐྱེད་ཀྱི་གསོ་སྦྱོང་འཛིན་གྲྭ་སྒྲུབ་བཞིན་པའི་རྣམ་པ་རེད། པར་འདི་ནི་ཟླ9པའི་ཚེས17ཉིན་ཁེན་ནི་ཡའི་ན་ཁུའུ་ལུའུ་ཅུན་གྱི་མ་ཐན་ཅི་ཐི་ས་སྡེ་བ་རུ་ཡུལ་དེའི་ཞིང་བས་ཀྲོ་མ་ཀྲུ་འདེབས་འཛུགས་བྱེད་བཞིན་པའི་རྣམ་པ་རེད།