སྒྲུང་པ་ཡོན་ཏན་རྒྱ་མཚོའི་སྒྲུང་དཔེ《འབྲོག་ཀར་དུང་རྫོང》པར་སྐྲུན་འགྲེམ་སྤེལ་བྱས།
ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་མཐོང་ཆེན་བྱས་ཏེ།《གླིང་སྒྲུང》སོགས་གཟུགས་འདས་ཤུལ་བཞག་རིག་གནས་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་ནས། མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་གསོ་སྐྱོང་ཡག་པོ་བྱ་ཆེད། ཟླ4པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྒྲུང་པ་མགོ་སེར་ཡོན་ཏན་རྒྱ་མཚོས་ཕབ་པའི་སྒྲུང་དཔེ《འབྲོག་ཀར་དུང་རྫོང》གི་པར་སྐྲུན་འགྲེམ་སྤེལ་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་འཚོགས།
ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་ཀྱི་ཚོགས་གཙོ་གཅོད་པ་དོན་གྲུབ་དང་། རྨ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཟུར་པ་ཀླུ་རྒྱལ་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་འགྱུར་མེད་རྡོ་རྗེ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་གཞོན་པ་ཟུར་པ་སྟོབས་ལྡན་སོགས་ཚོགས་མི30ལྷག་ཞུགས་ཡོད་ལ། ཚོགས་ཐོག་ཏུ་གཅོད་པ་དོན་གྲུབ་ཀྱིས་གླིང་སྒྲུང《འབྲོག་ཀར་དུང་རྫོང》པར་སྐྲུན་འགྲེམ་སྤེལ་བྱས་པར་རྟེན་འབྲེལ་ཞུས་ཤིང་། དེ་དང་འབྲེལ་ནས་སྒྲུང་པ་མགོ་སེར་ཡོན་ཏན་རྒྱ་མཚོས་ཕབ་པའི་སྒྲུང་དཔེ《འབྲོག་ཀར་དུང་རྫོང》ལ་གདེང་འཇོག་བྱས་ཏེ། སླད་ཕྱིན་ང་ཚོ་ཚང་མས་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛུན། དར་སྤེལ་བྱ་དགོས་པའི་འབོད་སྐུལ་བཏང་།
ཚོགས་ཐོག་ཏུ་སྒྲུང་པ་མགོ་སེར་ཡོན་ཏན་རྒྱ་མཚོས་རང་ཉིད་ཀྱིས་སྒྲུང་དཔེ་ཕབ་པའི་བརྒྱུད་རིམ་དང་མ་འོངས་པར་གེ་སར་རིག་གནས་ཐད་ལ་ནུས་པ་གདོན་རྒྱུའི་བསམ་ཚུལ་བཏོན་ཞིང་། གཞན་ཚོགས་ཐོག་ཏུ་འགྱུར་མེད་རྡོ་རྗེ་དང་སྟོབས་ལྡན། ཀླུ་རྒྱལ་ཚེ་རིང་སོགས་ཤེས་ལྡན་མི་སྣ་བཅུ་ལྷག་གིས་གེ་སར་རིག་གནས་དང་འབྲེལ་ནས་རིག་གཞུང་དཔྱད་གླེང་སྟེང་གཏམ་བཤད་གྱ་ནོམ་པ་གནང་སྟེ་ཚོགས་འདུ་ཡོངས་སུ་མཇུག་བསྡུས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注