དངོས་སྒྲུབ་ཀྱི་ཕན་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།

ཀྲུང་གུང་མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། གཡུ་སྒྲོན་མཚོ།

ཏང་གི་ཚོགས་ཆེན་ཉི་ཤུ་པས་དར་ཆ་མཐོན་པོར་སྒྲེང་བ་དང་སྔ་འཛིན་ཕྱི་གཏོད། བདེན་འཚོལ་དོན་གཉེར། ཆོད་གཏམ་གསར་བ་བཅས་ཀྱི་ཐོག་ནས་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་བཏབ་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕུན་སུམ་ཚོགས་པའི་ངང་འཕེལ་རྒྱས་བཏང་བ་དང་། བཀོད་སྒྲིག་གསར་བའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་བུ་འཆར་འགོད་བྱས་པ་དང་། བཀོད་སྒྲིག་གསར་བའི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འགན་འཁྲི་འཁུར་སེམས་དང་ལག་ལེན་གྱི་རང་རྟོགས་ཆེན་པོ་མཚོན་ཡོད་པས། དེ་ནི་ང་ཚོ་དུས་རབས་གསར་བ་དང་འཐབ་ལམ་གསར་བར་འབད་པས་བསྐྱོད་པ་དང་། མུ་མཐུད་དུ་ལེའུ་གསར་བ་རྩོམ་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་འགུལ་སྐྱོད་ཀྱི་རྩ་འཛིན་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  དོན་འཁྱོལ་བཅས་བྱ་རྒྱུ་ནི་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན་ལ། ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ལེགས་འགྲུབ་བྱེད་པར་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱི་ལས་འགན་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བས་ངེས་པར་དུ་སློབ་སྦྱོང་ཐད་ཀྱི་སྔོན་སྐྱོད་པ་དང་དྲིལ་སྒྲོག་ཐད་ཀྱི་གཙོ་ཤུགས་དམག ལག་བསྟར་ཐད་ཀྱི་རུ་འདྲེན་པ་བཅས་སུ་འགྱུར་བར་བྱེད་དགོས།

གཅིག སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་ཏེ། སློབ་སྦྱོང་ཐད་ཀྱི་རུ་འདྲེན་པ་བརྩོན་ལེན་བྱ་དགོས།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་རྒྱ་ཆེ་ཞིང་གཏིང་ཟབ་ལ། དེའི་ནང་དུ་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་འཐབ་ཇུས་ཀྱི་བསམ་བློ་གལ་ཆེན། བྱ་བའི་བཀོད་སྒྲིག་གལ་ཆེན་བཅས་རབ་དང་རིམ་པ་འདུས་པས། ཆབ་སྲིད་ཀྱི་རང་བཞིན་དང་དུས་རབས་ཀྱི་རང་བཞིན། མི་དམངས་ཀྱི་རང་བཞིན། ལག་ལེན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། ཚོགས་ཆེན་གྱི་བརྗོད་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདས་པའི་ལོ་ལྔའི་རིང་གི་བྱ་བར་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་དུས་རབས་གསར་བའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེར་གོ་བ་ལེན་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ལྡན་པའི“རྒྱུན་འཁྱོངས་དྲུག”གི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་དང་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི“རྩ་དོན་གལ་ཆེན་ལྔ”ལ་གོ་བ་ལེན་པ། འཕེལ་རྒྱས་གཏོང་སྟངས་གསར་བ་འཛུགས་པ་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་བོ་མི་དམངས་དམངས་གཙོ་ཡིན་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། རིག་གནས་ཀྱི་གདེང་ཚོད་དང་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་བདེ་འཇགས་ཀྱི་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། དམག་བཙུགས་ཀྱི་ལོ་ངོ་བརྒྱ་ཡི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་བཅས་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་བཀོད་སྒྲིག་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ་དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་རླབས་ཆེའི་བཟོ་སྐྲུན་གསར་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་ལས་འགན་གལ་ཆེན་ཤེས་རྟོགས་བྱེད་དགོས། དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་རུ་འདྲེན་པ་བྱས་ཏེ་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱས་ནས། སློབ་སྦྱོང་ཚོགས་འདུ་དང་དཔྱད་གླེང་ཚོགས་འདུ། སྒྲོག་འགྲེལ་ཚོགས་འདུ་བཅས་བརྒྱུད་དེ། གཅིག་སྡུད་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་ཟུང་འབྲེལ། དྲ་ཐོག་གི་སློབ་སྦྱོང་དང་དྲ་ཕྱིའི་སློབ་སྦྱོང་ཟུང་འབྲེལ་བྱེད་པ་སོགས་ཀྱི་རྣམ་པས། མ་ཡིག་ཀློག་པ་དང་རྩ་བའི་རིགས་པར་གོ་བ་ལེན་པ་རྒྱུན་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ནན་ཏན་ཞིབ་ཀློག་བྱེད་པ་དང་། དེའི་བསམ་བློའི་སྙིང་བཅུད་དང་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་ཁོང་དུ་ཆུད་པར་བྱས་ནས་དེའི་ཁྲོད་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་བའི་ལས་འགན་ལ་གོ་བ་གཏིང་ཟབ་ལེན་པ། མ་འོངས་པའི་ལོ་ལྔའི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སོ་སོ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་ལེན་པ། བསམ་བློའི་ངོས་འཛིན་ཐད་མཐོར་འདེགས་གསར་བ་ཡོང་བ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་གྲུབ་འབྲས་གསར་བ་ཐོབ་པ། བྱ་བར་སྐུལ་འདེད་གཏོང་བའི་ཐད་བྱེད་ཐབས་གསར་བ་ཡོད་པ་བཅས་མངོན་འགྱུར་གང་ཐུབ་བྱེད་དགོས།
གཉིས།    གཅིག་གྱུར་གྱིས་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ་དྲིལ་སྒྲོག་གཙོ་ཤུགས་དམག་དཔུང་བརྩོན་ལེན་བྱ་དགོས།     
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་དང་སྒྲོག་འགྲེལ་ནན་ཏན་གྱིས་ལེགས་པར་སྒྲུབ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁོང་དུ་ཆུད་པར་བྱ་རྒྱུ་ནི་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་དྲིལ་སྒྲོག་སྡེ་ཚན་གྱི་དོན་ཆེན་ཨང་དང་པོ་ཡིན།     ངེས་པར་དུ་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་དང་ཐོན་ཁུངས་སྣ་ཚོགས་གཅིག་སྡུད།    ལས་སྟེགས་དང་གཞི་རྟེན་སྣ་ཚོགས་བེད་སྤྱོད་ཡག་པོ་བཅས་བྱས་ཏེ་ནུས་ལྡན་གྱི་དྲིལ་སྒྲོག་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེམས་ལ་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།     ཏང་ཨུའི(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་སྣེ་ཁྲིད་དང་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་བྱ་རྒྱུ་གནད་འགག་ཏུ་འཛིན་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྤྱི་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུར་དམིགས་ཏེ་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་།  དཔྱད་གླེང་ཚོགས་འདུ།    སློབ་ཐུན་ཆེན་མོ་དང་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་བཅས་བརྒྱུད།     “འགག་རྩའི་ཉུང་ཤས”ཀྱིས་གོང་གིས་འོག་ལ་སྣེ་ཁྲིད་དང་རིམ་པ་བཞིན་སྐུལ་ཁྲིད་བྱས་ཏེ་ཏང་ཡོན་ལས་བྱེད་པས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་ཁྱོན་ཡོངས་ནས་གོ་བ་ལེན་རྒྱུར་སྐུལ་འདེད་གཏོང་བ་དང་།    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་མི་འཚམ་པའི་བསམ་བློའི་འདུ་ཤེས་ཁྱད་བསད་དང་ཐག་གཅོད་བྱེད་པ།    རང་ངོས་བཅོས་སྒྱུར་བྱེད་ཕོད་པ་བཅས་བྱས་ནས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བློ་བརྟན་འགྱུར་མེད་ཀྱི་དད་མོས་མཁན་དང་ལྷག་བསམ་རྣམ་དག་གི་ལག་ལེན་མཁན་ཞིག་བྱེད་དགོས།     མི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་ཁ་ཕྱོགས་པ་དང་། རིགས་པའི་གཞུང་ལུགས་དང་གླེང་ཕྱོགས། དྲ་ཐོག་དང་དྲ་ཕྱི། རིག་རྩལ་དང་བསམ་པའི་དཔལ་ཡོན་བཅས་ཀྱི་འཛུགས་སྐྱོང་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལས་ཁུངས་དང་། གྲོང་གསེབ། འབྲོག་ཁུལ། སྡེ་ཁུལ། དམག་སྒར། སློབ་གྲྭ དྲ་ཚིགས། ཁེ་ལས། ཁྲོམ་ར་བཅས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས། སྨྱན་སྦྱོར་ཡོངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞི་རིམ་དུ་ཡོད”ཅེས་པ་སོགས་ཀྱི་ཆེད་སྒྲིག་ལེ་ཚན་གྱི་ཆེད་དོན་ལ་བརྟེན་ནས“འཐབ་ལམ་གསར་བར་འབད་པས་སྐྱོད། དུས་རབས་གསར་བར་བྱས་རྗེས་འཇོག”ཅེས་པའི་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བཏོད་དགོས། རིག་རྩལ་དྲིལ་སྒྲོག་སྒྲིག་འཛུགས་དང་། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་མཚོན་ཐབས་སྣ་ཚོགས་སྤྱད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་དགོས། དྲ་རྒྱའི་དྲིལ་སྒྲོག་ལ་ཤུགས་སྣོན་བརྒྱབ་ནས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་སྤྲིན་རྩིས་སློབ་ཐུན”བཙུགས་ཏེ་སྒྲོག་འགྲེལ་གྱི་བརྙན་ལམ་ཆུང་གྲས་རབ་དང་རིམ་པ་བཏོན་ནས་རིགས་སོ་སོའི་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་རྒྱུར་ཁྲིད་སྟོན་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ལ་མཐོང་ཆེན་བྱས་ཏེ་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་དང་། ཁུལ་ཡོངས་ཀྱི་གཅིག་སྡུད་སྒྲོག་འགྲེལ་དང་མང་ཚོགས་ཀྱི་སྒྲོག་འགྲེལ་ལ་སྤྱི་འདོམས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གསལ་པོར་བཤད་དེ་མང་ཚོགས་ཀྱིས་གོ་ཐུབ་པ་དང་གོ་བ་ལེན་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ལས་འགན་བཀོད་སྒྲིག་ཐད་དཔའ་ངར་ཆེན་པོས་སྔོན་ལ་བརྩོན་ལེན་དང་གྲུབ་འབྲས་ཐོབ་པར་བྱེད་དགོས་པའི་སྐུལ་ལྕག་བྱེད་དགོས།
གསུམ། ཚད་གཞི་དང་མངོན་ཚུལ་ལ་ཁ་གཏད་དང་གནད་སྨིན་ཆེད་གླེང་བྱས་ནས་དོན་འཁྱོལ་ཐད་ཀྱི་རུ་འདྲེན་པར་འགྱུར་བར་བྱེད་དགོས།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག“རིག་གནས་ཀྱི་གདེང་ཚོད་དང་རང་སྟོབས་རང་སྤེལ་བྱེད་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འོད་སྟོང་གསར་བ་གཏོད་པའི”བཀོད་སྒྲིག་གལ་ཆེན་བྱས་ཏེ་ང་ཚོར་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་དང་དྲིལ་སྒྲོག་བསམ་བློའི་བྱ་བའི་དྲང་སྲུང་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། མཚོ་སྔོན་གསར་བའི་སྙིང་སྟོབས་ཀྱི་བཙན་ས་འཛུགས་སྐྲུན་དང་ལག་བསྟར་དམིགས་འབེན་ལ་དམིགས་ཏེ། མཚོ་བྱང་གི་དྲིལ་སྒྲོག་ལེགས་སྒྱུར་བཟོ་སྐྲུན་ལག་བསྟར་དང་། མུ་མཐུད་དུ་མཚོ་བྱང་གི་གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་དང་རྒྱུན་འཛིན་གཏིང་ཟབ་བྱེད་པ། གཉིས་གཉིས་གཅིག་རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི“བཟོ་སྐྲུན་ཨང་དང་པོ”ཚད་གཞི་མཐོན་པོས་སྐུལ་འདེད་གཏོང་བ། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྒྲོག་འགྲེལ་ཚོགས་པ། མཚོ་སྔོན་གྱི་མདེལ་གཉིས་སྐར་གཅིག་གི་ལས་བྱེད་སློབ་གླིང་བཅས“དྲན་གསོ་ཁང་གཅིག་དང་། ཚོགས་པ་གཅིག སློབ་གླིང་གཅིག”བཅས་ལ་བརྟེན་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དྲིལ་སྒྲོག་དང་དར་སྤེལ་ཤུགས་ཆེན་བཏང་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་གྱི་གཏམ་རྒྱུད་ཡག་པོ་བཤད་དགོས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས“ལྔ་བཅུ་བཞིའི”རིག་རྩལ་ལས་གཞི་སྤུས་དག་གསར་རྩོམ་དང་ཐོན་སྐྱེད་བྱེད་པར་སྐུལ་འདེད་གཏོང་བ། མདོ་ལ་རིང་མོ་དང་རྡུལ་ཕྲན་མཁར་གྱི་རིག་གནས་དཔེ་ཚོགས་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་ཏེ། སྐྱེ་ཁམས་རིག་གནས་དང་གསར་བརྗེའི་རིག་གནས། རྩྭ་ཐང་རིག་གནས། གཟུགས་འདས་ཤུལ་བཞག་རིག་གནས་བཅས་ཀྱི་བརྩམས་ཆོས་སྤུས་ལེགས་འགྲེམས་སྟོན་བྱེད་པ་དང་། མཚོ་བྱང་བཙུགས་ནས་ལོ་ངོ70འཁོར་བར་དམིགས་ནས་མཚོ་བྱང་གི་ཡུན་རིང་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན། འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་གསོན་ཉམས་དོད་པོས་ཡག་པོར་བརྗོད་དེ་མི་སྔར་ལས་མང་བོས་མཚོ་བྱང་ལ་རྒྱུས་ལོན་དང་མཚོ་བྱང་ལ་མྱོང་རོལ། མཚོ་བྱང་ལ་ཡིད་སྨོན་བྱེད་པ་བཅས་བྱས་ཏེ་མཚོ་བྱང་གི“གྲོགས་ཚོམས”དང“ཞེན་མི་ཚོགས་པ”ཆེ་རུ་གཏོང་དགོས། སྨྱན་སྦྱོར་ཡོངས་ཀྱི་བརྒྱུད་སྤེལ་མ་ལག་འཛུགས་སྐྱོང་གི་དམིགས་ཚད་ལ་དམིགས་ནས་རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་འཛུགས་སྐྱོང་དང་ཚད་ལྡན་འཁོར་སྐྱོད་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ“སྦྲེལ་དྲསྲིད་དོནཏང་དོནཞབས་ཞུཚོང་དོན”བཅས་ཕྱོགས་བསྡུས་རང་བཞིན་གྱི་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་ཧུར་ཐག་སྒོས་བཏོད་དེ་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་། བསམ་བློའི་སྣེ་ཁྲིད། མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཡུལ་ས་གཙོ་བོ་འཛུགས་དགོས། ཏང་གིས་དྲིལ་སྒྲོག་བྱེད་པ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་པ། ཏང་གིས་སྨྱན་སྦྱོར་ལ་དོ་དམ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གླེང་ཕྱོགས་དང་དཀའ་གནད། འགག་གནད་བཅས་ཐག་གཅོད་ལེགས་པོ་བྱས་ནས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོར་བསྐྲུན་དགོས། སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་སྐྱོང་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ་སྐལ་བཟང་དང་ལེན་ཧྥུའུ་ཀྲང་། མཁའ་འགྲོ་ཐར། ཡིད་བཞིན་ནོར་བུ་སོགས་དཔེ་མཚོན་མི་སྣའི་བྱས་རྗེས་དང་ཉེ་འགྲམ་གྱི་མི་བཟང་གི་བྱས་རྗེས་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱས་ཏེ་ཀུན་སྤྱོད་ལ་བརྩི་བཀུར་དང་མིག་དཔེར་འཛིན་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་དམ་པོར་དམིགས་ནས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་དང་བེད་སྤྱོད་ཡག་པོ་བྱེད་པ། གཞི་རིམ་གྱི་སྤྱི་བའི་ཞབས་ཞུ་དང་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་སའི་སྒྲིག་བཀོད་གཅིག་གྱུར་གྱིས་བཀོད་སྒྲིག་དང་བེད་སྤྱོད་བྱེད་པ། དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། གཉེན་སྒྲིག་དང་དུར་སྐྱེལ། དགའ་སྟོན་སོགས་རྒྱས་སྤྲོས་རྒྱས་གཤོམ་དང་རྨོངས་ཚོད་ཀྱིས་འགྲན་སྡུར་བྱེད་པ་སོགས་ཀྱི་སྲོལ་ངན་བཅོས་སྐྱོང་བྱེད་དགོས། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལས་སྟེགས་དེ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། སློབ་གསོའི་ཞབས་ཞུ། ཚན་རྩལ་དང་ཚན་རིག་ཁྱབ་གདལ་ཞབས་ཞུ། སྲིད་ཇུས་དང་བཅའ་ཁྲིམས་ཞབས་ཞུ། འཕྲོད་བསྟེན་བདེ་ཐང་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་དཔལ་ཡོན་ལག་ལེན་ལས་སྟེགས་ཤིག་ཏུ་བསྐྲུན་ནས“ལྟེ་བ་གཉིས”འཛུགས་སྐྲུན་ཏན་ཏིག་བྱས་པ་བརྒྱུད་གཞི་རིམ་གྱི་དྲིལ་སྒྲོག་བསམ་བློའི་བྱ་བ་དངོས་སྒྲུབ་པ་དང་སྟོབས་ཆེར་གཏོང་བ། གསོན་ཤུགས་ལྡན་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号