བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།(42)


རེ་གསུམ་པ། ཡོད་ཚད་དོན་དངོས་ནས་མགོ་རྩོམ་པ་རྒྱུན་འཁྱོངས་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ། ཚན་རིག་དང་མཐུན་པའི་རིགས་སྒྲུབ་ལ་ཤུགས་བསྣན་ནས། ཇུས་ཐག་གང་གཅོད་དང་ལས་གང་སྒྲུབ་བྱེད་པ་འགོག་དགོས། གཅིག་དགུ་ཞེ་དགུ་ལོའི་ཟླ་བརྒྱད་པར། བློ་མཐུན་མའོ་ཙེ་ཏུང་གིས་མགོ་འཛིན་མཛད་ནས་རྩོམ་འབྲི་གནང་བའི《ཀྲུང་གུང་ཀྲུང་དབྱང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་ཐག་གཅོད》ལས། “རང་རེའི་ཏང་ནི་ད་ལྟ་གསར་བརྗེ་རླབས་པོ་ཆེའི་ལས་འགན་ཁུར་བའི་སྲིད་ཏང་ཆེན་མོ་ཞིག་ཏུ་གྱུར་ཟིན་པས། ངེས་པར་དུ་སྟོང་བཤད་སྤང་གང་ཐུབ་དང་ཤེས་དམན་གྱི་ཚུལ་སེལ་གང་ཐུབ་བྱེད་པ་དང་། རང་ཤེད་རང་ལུགས་ཀྱི་སྤྱོད་ཚུལ་སྤང་བ། བྱེ་བྲག་གི་བྱེད་ཐབས་སྤྱོད་པ། ལོ་རྒྱུས་དང་ཁོར་ཡུག རྒྱལ་ཁབ་ཕྱི་ནང་། ཞིང་ཆེན་ཕྱི་ནང་། རྫོང་ཕྱི་ནང་གི་བྱེ་བྲག་གནས་ཚུལ་གྱི་བརྟག་དཔྱད་དང་ཞིབ་འཇུག་ལ་ཤུགས་སྣོན་དགོས”ཞེས་བསྟན་ཡོད། ཐག་གཅོད་འདི་ལས་ད་དུང་བརྟག་དཔྱད་ཞིབ་འཇུག་ཐད་ཀྱི་བྱེ་བྲག་གི་བྱེད་ཐབས་ཀྱང་མི་ཉུང་བ་ཞིག་བཏོན་ཡོད་ཅིང་། དེ་དག་ཁྲོད་ཉམས་མྱོང་ལྡན་པའི་མི་གདན་དྲངས་ནས་བརྟག་དཔྱད་ཚོགས་འདུ་འཚོག་ཏུ་འཇུག་པ་དང་། རེ་འགའ་ལ་ཁ་ཐོག་ནས་གནས་ཚུལ་འདྲི་བ། རྫོང་གི་ལོ་རྒྱུས་དང་བཞུགས་སྒར་གྱི་ལོ་རྒྱུས། ཞིང་ཆེན་གྱི་ལོ་རྒྱུས། གདུང་རབས་བཅས་ལ་ཞིབ་འཇུག་བྱེད་པ་སོགས་འདུས། བླང་བྱ་དང་བྱེད་ཐབས་འདི་དག་ལ་ད་སྐབས་ད་དུང་བློ་འབྱེད་ཀྱི་དོན་སྙིང་གལ་ཆེན་ལྡན། 



——《ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་བཏུས་སྒྲིག》ལས། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号