བྱ་སྤྱོད་གང་དག་གིས་ཉེས་ཆད་ཇེ་ཡང་དུ་གཏོང་ཐུབ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙོན་ཁང་བཅའ་ཁྲིམས》ཀྱི་དོན་ཚན29པའི་གཏན་འཁེལ་ལྟར་ན། ཚེ་བཙོན་དང་དུས་བཙོན་གྱི་ཁྲིམས་ཆད་ཕོག་པའི་ཉེས་ཅན་གྱིས་ཁྲིམས་ཆད་འཁུར་སྐབས། དངོས་གནས་སྔ་འགྱོད་ཕྱི་འདོམས་སམ་བྱས་རྗེས་བཞག་ཡོད་ན་བཙོན་ཁང་གིས་དཔྱད་ཞིབ་བྱས་འབྲས་ལ་གཞིགས་ནས་ཉེས་ཆད་ཇེ་ཡང་དུ་བཏང་ཆོག་ཅེས་གཏན་འཁེལ་བྱས་ཡོད། གཤམ་གསལ་གྱི་བྱས་རྗེས་གལ་ཆེན་བཞག་པའི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན་ཉེས་ཆད་ཇེ་ཡང་དུ་གཏོང་དགོས་པ་སྟེ།

(གཅིག) མི་གཞན་གྱིས་ནག་ཉེས་ཚབས་ཆེན་གསོག་པར་བཀག་འགོག་བྱས་པའི་རིགས།

(གཉིས) བཙོན་ཁང་ཕྱི་ནང་དུ་ནག་ཉེས་ཚབས་ཆེན་བསགས་པའི་ཉེས་སྤྱོད་ཐེར་འདོན་བྱས་པ་དེ་ཞིབ་བཤེར་གྱིས་འཛོལ་མེད་ར་འཕྲོད་བྱུང་བའི་རིགས།

(གསུམ) གསར་གཏོད་དང་གསར་སྐྲུན་བྱས་པའམ་ཡང་ན་ལག་རྩལ་གསར་བཅོས་གལ་ཆེན་བྱས་པའི་རིགས།

(བཞི) རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་ནང་རང་དོར་གཞན་སྐྱོབ་བྱས་པའི་རིགས།

(ལྔ) རང་བྱུང་གནོད་འཚེ་འགོག་པའམ་ལས་འཛོལ་ཚབས་ཆེན་སེལ་སྐབས་གྲུབ་འབྲས་གལ་ཆེན་ཡོད་པའི་རིགས།

(དྲུག) རྒྱལ་ཁབ་དང་སྤྱི་ཚོགས་ལ་བྱས་རྗེས་གལ་ཆེན་གཞན་དག་བཞག་ཡོད་པའི་རིགས་བཅས་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号