པད་མ་རྫོང་གིས་གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བླང་བྱར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་བ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱར་དམིགས་ཏེ། ཏང་འཛུགས་སྐྲུན་ལེགས་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་བྱེད་པའི“སྦྲེལ་བཞི་རྒྱུགས་གསུམ”གྱི་བྱ་བའི་ནང་རྐྱེན་ཐེག་བྱད་དུ་བྱས་པ་དང་། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ། གཞི་རིམ་གྱི་སྟོན་ཕྱོགས་རྒྱུན་མཐུད་སྒོས་མངོན་གསལ་དུ་དོད་པ། གཞི་རིམ་གྱི་འཐབ་འཛིང་བཙན་རྫོང་སྟོབས་ལྡན་དུ་བསྐྲུན་པ་བཅས་བྱས་ནས། དེང་རབས་ཅན་གྱི་པད་མ་གསར་པ་འཛུགས་སྐྲུན་བྱེད་པའི་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོར་བཏང་།གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བླང་བྱར་ཕན་འབྲས་ཐོན་པར་སྐུལ་འདེད་བྱེད་ཆེད། པད་མ་རྫོང་གིས་ཏང་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བྱ་བའི་གཙོ་གནད་དང་གཞི་རིམ་ཏང་གི་འཛུགས་སྐྲུན་གྱི་གཙོ་གནད་འགན་འཁྲིའི་ཞིབ་ཐོ་སྒྲིག་བཟོ་གཏན་འབེབས་བྱས་པའི་ཁར། གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱའི་ལག་བསྟར་གྲོས་གཞི་སོགས་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་དོན་འཁྱོལ་བྱེད་པར་སྐུལ་འདེད་བྱས་པ་དང་། གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་མི་འདང་ས་དང་བྱ་བའི་བླང་བྱ་བཏོན་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་གཞི་རིམ་ཏང་འཛུགས་སྐྲུན་བྱ་བར་སྐུལ་འདེད་བྱེད་པའི་ཁྲོད་གནས་པའི་གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱས་ཐོག གཙོ་གནད་བྱ་བ་སྣ་ཚོགས་རིམ་པ་བཞིན་བསྒྲུབ་པར་འགན་སྲུང་བྱས་ཏེ། དུས་ལྟར་སྤུས་སྲུང་ནུས་མཐོའི་ངང་ཡོངས་འགྲུབ་བྱས། དུས་མཚུངས་སུ། གསར་བརྗེའི་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས། “ཏང་གི་སློབ་ཁྲིད་འཚོགས་མགོ་བརྩམས་བྱུང”དང“གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག”སོགས“དྲ་ལམ+ཡུལ་དངོས”ཀྱི་རྣམ་པས། ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་གོ་རྟོགས་ནུས་པ། ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བར་སློབ་གསོ་དང་སྣེ་ཁྲིད་བྱས། “པད་མའི་ཉམས་མྱོང”སྲ་བརྟན་དང་རྒྱུན་བསྲིངས་པའི3.0གི་རྨང་གཞིའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་དང་སློབ་གསོ་རིག་གནས་ལོ་རྒྱུས་ཁང་དང་རྫོང་སྒྲིག་ཨུའི་ལས་ཁུངས་ཀྱི་ཏང་ཀྲི་པུའུ་སོགས་ཏང་འཛུགས་སྐྲུན་བྱ་བའི་དཔེ་སྟོན་མ་དཔེ4གསར་གཏོད་དང་གསར་སྐྲུན་བྱས།གཞི་རིམ་བཅོས་སྐྱོང་བྱེད་པའི་ཐད་ནས། པད་མ་རྫོང་གིས་ཞིང་ཆེན་བརྒལ་བའི་མཉམ་འབྲེལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང4དང་རྫོང་དང་ཞང་བརྒལ་བའི་མཉམ་འབྲེལ་ཏང་ཀྲི་པུའུ12རྩ་འཛུགས་བྱས་ཏེ། ཏང་གི་འཛུགས་སྐྲུན་མཉམ་སྐྲུན་གྱི་མཉམ་ལས་འདུ་ཤེས་ཆགས་པར་བྱས། ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ནས། པད་མ་རྫོང་གིས་མཐོ་འབྲིང་རིམ་པའི་ཆེད་མཁས་འཇོན་མི་ནང་འདྲེན་བྱེད་པའི་ནུས་པ་འདོན་སྤེལ་དང་། བོད་ཇའི་བཏུང་ཆུ་ཐོན་སྐྱེད་དང་ལུག་གྲོད་ཤྭ་མོའི་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱེད་པ། གླ་དང་ཤྭ་ཁྲ། ཤྭ་སེར་སོགས་ཀྱི་གསོ་སྤེལ་རྟེན་གཞི་བསྐྲུན་པ། རྒྱུད་བཟང་ནོར་ནག་ནང་འདྲེན་བྱེད་པ་བཅས་ཀྱིས་ནོར་ནག་ཐོན་ལས་ཅན་གྱི་རྟེན་གཞི་འཛུགས་སྐྲུན་སོགས་ལས་གཞི་གྲུབ་པར་བྱས། སེམས་ཤུགས་གོང་བུར་བསྒྲིལ་བའི་ཐད་ནས། “པད་མའི་དང་བླངས་ཞབས་ཞུ”ཞེས་པའི་ཆས་རྟགས་གསར་སྐྲུན་བྱས་ཏེ། ཕྱི་ཡུལ་དུ་ངལ་རྩོལ་ས་ཚིགས་གསར་སྣོན་བྱས། ཁེ་ལས་རོགས་སྐྱོར་གྱི་དཔྱིད་རླུང་འགུལ་སྐྱོད་མགོ་བརྩམས་པ་དང་། གཙོ་བོ་དུས་ཆེན་དང་གུང་གསེང་ལ་ཟུང་འབྲེལ་བྱས་ཏེ། རྫོང་གཏོགས་ཚོང་རྫས་ཉོ་ཚོང་ཁེ་ལས་རྩ་འཛུགས་བྱས་ཏེ་འཛད་སྤྱོད་འཛིན་ཤོག་དང་ཆེད་དམིགས་ཚོང་སྐུལ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱར་དམིགས་ཏེ། ཏང་འཛུགས་སྐྲུན་ལེགས་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་བྱེད་པའི“སྦྲེལ་བཞི་རྒྱུགས་གསུམ”གྱི་བྱ་བའི་ནང་རྐྱེན་ཐེག་བྱད་དུ་བྱས་པ་དང་། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ། གཞི་རིམ་གྱི་སྟོན་ཕྱོགས་རྒྱུན་མཐུད་སྒོས་མངོན་གསལ་དུ་དོད་པ། གཞི་རིམ་གྱི་འཐབ་འཛིང་བཙན་རྫོང་སྟོབས་ལྡན་དུ་བསྐྲུན་པ་བཅས་བྱས་ནས། དེང་རབས་ཅན་གྱི་པད་མ་གསར་པ་འཛུགས་སྐྲུན་བྱེད་པའི་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོར་བཏང་།
གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བླང་བྱར་ཕན་འབྲས་ཐོན་པར་སྐུལ་འདེད་བྱེད་ཆེད། པད་མ་རྫོང་གིས་ཏང་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བྱ་བའི་གཙོ་གནད་དང་གཞི་རིམ་ཏང་གི་འཛུགས་སྐྲུན་གྱི་གཙོ་གནད་འགན་འཁྲིའི་ཞིབ་ཐོ་སྒྲིག་བཟོ་གཏན་འབེབས་བྱས་པའི་ཁར། གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱའི་ལག་བསྟར་གྲོས་གཞི་སོགས་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་དོན་འཁྱོལ་བྱེད་པར་སྐུལ་འདེད་བྱས་པ་དང་། གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་མི་འདང་ས་དང་བྱ་བའི་བླང་བྱ་བཏོན་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་གཞི་རིམ་ཏང་འཛུགས་སྐྲུན་བྱ་བར་སྐུལ་འདེད་བྱེད་པའི་ཁྲོད་གནས་པའི་གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱས་ཐོག གཙོ་གནད་བྱ་བ་སྣ་ཚོགས་རིམ་པ་བཞིན་བསྒྲུབ་པར་འགན་སྲུང་བྱས་ཏེ། དུས་ལྟར་སྤུས་སྲུང་ནུས་མཐོའི་ངང་ཡོངས་འགྲུབ་བྱས། དུས་མཚུངས་སུ། གསར་བརྗེའི་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས། “ཏང་གི་སློབ་ཁྲིད་འཚོགས་མགོ་བརྩམས་བྱུང”དང“གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག”སོགས“དྲ་ལམ+ཡུལ་དངོས”ཀྱི་རྣམ་པས། ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་གོ་རྟོགས་ནུས་པ། ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བར་སློབ་གསོ་དང་སྣེ་ཁྲིད་བྱས། “པད་མའི་ཉམས་མྱོང”སྲ་བརྟན་དང་རྒྱུན་བསྲིངས་པའི3.0གི་རྨང་གཞིའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་དང་སློབ་གསོ་རིག་གནས་ལོ་རྒྱུས་ཁང་དང་རྫོང་སྒྲིག་ཨུའི་ལས་ཁུངས་ཀྱི་ཏང་ཀྲི་པུའུ་སོགས་ཏང་འཛུགས་སྐྲུན་བྱ་བའི་དཔེ་སྟོན་མ་དཔེ4གསར་གཏོད་དང་གསར་སྐྲུན་བྱས།
གཞི་རིམ་བཅོས་སྐྱོང་བྱེད་པའི་ཐད་ནས། པད་མ་རྫོང་གིས་ཞིང་ཆེན་བརྒལ་བའི་མཉམ་འབྲེལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང4དང་རྫོང་དང་ཞང་བརྒལ་བའི་མཉམ་འབྲེལ་ཏང་ཀྲི་པུའུ12རྩ་འཛུགས་བྱས་ཏེ། ཏང་གི་འཛུགས་སྐྲུན་མཉམ་སྐྲུན་གྱི་མཉམ་ལས་འདུ་ཤེས་ཆགས་པར་བྱས། ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ནས། པད་མ་རྫོང་གིས་མཐོ་འབྲིང་རིམ་པའི་ཆེད་མཁས་འཇོན་མི་ནང་འདྲེན་བྱེད་པའི་ནུས་པ་འདོན་སྤེལ་དང་། བོད་ཇའི་བཏུང་ཆུ་ཐོན་སྐྱེད་དང་ལུག་གྲོད་ཤྭ་མོའི་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱེད་པ། གླ་དང་ཤྭ་ཁྲ། ཤྭ་སེར་སོགས་ཀྱི་གསོ་སྤེལ་རྟེན་གཞི་བསྐྲུན་པ། རྒྱུད་བཟང་ནོར་ནག་ནང་འདྲེན་བྱེད་པ་བཅས་ཀྱིས་ནོར་ནག་ཐོན་ལས་ཅན་གྱི་རྟེན་གཞི་འཛུགས་སྐྲུན་སོགས་ལས་གཞི་གྲུབ་པར་བྱས། སེམས་ཤུགས་གོང་བུར་བསྒྲིལ་བའི་ཐད་ནས། “པད་མའི་དང་བླངས་ཞབས་ཞུ”ཞེས་པའི་ཆས་རྟགས་གསར་སྐྲུན་བྱས་ཏེ། ཕྱི་ཡུལ་དུ་ངལ་རྩོལ་ས་ཚིགས་གསར་སྣོན་བྱས། ཁེ་ལས་རོགས་སྐྱོར་གྱི་དཔྱིད་རླུང་འགུལ་སྐྱོད་མགོ་བརྩམས་པ་དང་། གཙོ་བོ་དུས་ཆེན་དང་གུང་གསེང་ལ་ཟུང་འབྲེལ་བྱས་ཏེ། རྫོང་གཏོགས་ཚོང་རྫས་ཉོ་ཚོང་ཁེ་ལས་རྩ་འཛུགས་བྱས་ཏེ་འཛད་སྤྱོད་འཛིན་ཤོག་དང་ཆེད་དམིགས་ཚོང་སྐུལ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注