པདྨ་རྫོང་གིས"ཏང་ལ་ཞུགས་ནས་ལོ་ངོ50ལོན་པའི་གཟི་བརྗིད"དྲན་གསོའི་རྟགས་མ་འཐོབ་མཁན་ལ་དྲན་གསོའི་རྟགས་མ་གནང་།

ཏང་དབུ་བརྙེས་ནས་ལོ་འཁོར103ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་སུ་ཟླ7པའི་ཚེས1ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་བཀྲ་ཤིས་དོན་གྲུབ་ཀྱིས་ཏང་ལོ50ལས་བརྒལ་བའི་ཏང་ཡོན་རྒན་གྲས་ལ"ཏང་ལ་ཞུགས་ནས་ལོ་ངོ50ལོན་པའི་གཟི་བརྗིད"དྲན་གསོའི་རྟགས་མ་གནང་བ་དང་། ཁོང་ཚོས་ཏང་གི་བྱ་གཞག་དང་པདྨའི་འཕེལ་རྒྱས་ཆེད་ནུས་ཤུགས་གང་ཡོད་ཕུལ་བར་ཐུགས་རྗེ་ཆེ་ཞུས་ཤིང་། རྒྱ་ཆེའི་ཏང་ཡོན་རྒན་གྲས་ཚོས་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དངོས་སུ་ཚོར་ཐུབ་པ་དང་། ཁོང་ཚོ་དང་བརྒྱུད་དེ་རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་རྒན་གྲས་ཚོར་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས།

རྫོང་དཔོན་བཀྲ་ཤིས་དོན་གྲུབ་ཀྱིས་ཏང་ཡོན་རྒན་གྲས་ཚོའི་ལུས་ཁམས་བདེ་ཐང་གི་གནས་ཚུལ་དྲིས་པ་དང་། ཁོང་ཚོར་པདྨ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་།  ཁོང་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་སྒེར་སེམས་མེད་པར་ནུས་ཤུགས་གང་ཡོད་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལུས་ཁམས་བདག་སྐྱོང་བྱ་རྒྱུ་དང་དཀའ་ངལ་ཡོད་ཚེ་དུས་ཐོག་ཏུ་རྩ་འཛུགས་ལ་སྙན་སེང་ཞུ་དགོས་པའི་མངགས་བྱ་གནང་སྟེ། རྒན་གྲས་ཚོར"ཏང་ལ་ཞུགས་ནས་ལོ་ངོ50ལོན་པའི་གཟི་བརྗིད"དྲན་གསོའི་རྟགས་མ་ཡང་གནང་། 

ཁོང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་དབུ་བརྙེས་ནས་ལོ་འཁོར103ལོན་པའི་ལོ་ཞིག་ཡིན་པ་དང་། ཏང་ཡོན་རྒན་གྲས་ཚོས་ཏང་ལ་ཞུགས་ནས་ལོ་ངོ50ལོན་པའི་ནང་མེས་རྒྱལ་སྟོབས་འབྱོར་དང་མི་དམངས་ཕྱུག་འགྱུར་ཡོང་བ་དཔང་པོ་བྱས་ཡོད་ལ་པདྨ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཐད་ལ་བྱས་རྗེས་ཆེན་པོའང་བཞག་ཡོད། ཏང་ཡོན་རྒན་གྲས་ནི་ཏང་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་དངོས་སུ་མྱོང་མཁན་དང་དཔང་པོ་ཞིག་དང་། ཏང་གི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པས་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་ཡོན་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་སློབ་སྦྱོང་བྱེད་རྒྱུ་དང་། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ནས་མང་ཚོགས་ཀྱི་བྱ་གཞག་ཡག་པོ་བསྒྲུབས་ཏེ་མི་དམངས་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་དེ་བས་མང་བ་ཡོང་བ་བྱེད་དགོས། རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་རྒན་གྲས་ཀྱི་བདེ་སྡུག་སེམས་ནང་དུ་བཞག་ནས་རང་འགུལ་ངང་ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་རྒྱུ་དང་། རྫོང་ཡོངས་སུ་ཏང་ཡོན་རྒན་གྲས་ལ་བརྩི་འཇོག་དང་ཐུགས་ཁུར། གཅེས་སྐྱོང་བཅས་བྱེད་པའི་སྣང་ཚུལ་ཟབ་མོ་ཞིག་ཆགས་པ་བྱས་ནས་ཁོང་ཚོའི་འཚོ་བ་བདེ་སྐྱིད་དང་བློ་བདེ་བག་ཕེབས་ཡོང་བ་བྱེད་དགོས། པདྨ་རྫོང་གི"123479"ཡི་སྤྱིའི་འཕེལ་རྒྱས་བསམ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ཀྱི"དཀའ་གནད་དང་སེམས་ཁྲལ། རེ་བ"སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ཚོས་ཏང་གི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དངོས་འབྲེལ་ཚོར་ཐུབ་པ་བྱས་ཏེ་མིག་མཐོང་ལག་ཟིན་གྱི་ཕན་པ་དེ་བས་མང་པོ་ཐོབ་པ་བྱེད་དགོས།

རྫོང་ཨུའི་རྩ་འཛུགས་པུའུ་དང་རྫོང་ལས་བྱེད་པ་རྒན་གྲས་ཞབས་ཞུ་སུའོ་ཡི་འབྲེལ་ཡོད་བློ་མཐུན་གྱིས་ཕེབས་རོགས་ཞུས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号